ཕེང་ཆིང་ཧྭ་རྔ་བ་ཁུལ་དུ་རྟོག་ཞིབ་ལ་ཕེབས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-23



        སྤྱི་ཟླ་3པའི་ཚེས་18ནས་ཚེས་20ཉིན་གྱི་བར།  ཞིང་ཨུ་ཧྲུའུ་ཅིའམ་ཞིང་ཨུའི་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་ཚོགས་གཙོ་ཕེང་ཆིང་ཧྭ་རྔ་བ་ཁུལ་དུ་ཕེབས་ནས་རིམས་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་ལས་ཀ་ལ་རྟོག་ཞིབ་དང་མཛུབ་སྟོན་གནང་།  རྔ་བ་ཁུལ་དུ་ཕྱི་ནས་ཡོང་བའི་ནད་པ་གཅིག་ལས་བྱུང་མེད་པ་དང་།  ཉིན་ལྔ་བཅུ་ལྷག་ལ་ནད་པ་གསར་པ་གཅིག་ཀྱང་མ་བྱུང་ལ།  མིག་སྔར་རྔ་བ་ཁུལ་ཡོངས་ཀྱི་རྫོང་(གྲོང་ཁྱེར)ཡོངས་རྫོགས་ཉེན་ཁ་ཆུང་བའི་ས་ཁུལ་དུ་ཆགས།  ཕེང་ཆིང་ཧྭ་ཡིས་སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་གིས་སྤྱི་ཟླ་3པའི་ཚེས་18ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཐོག་གནང་བའི་གསུང་བཤད་གལ་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་དང་།  མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དུས་བབ་ཀྱི་དུས་མཚམས་རང་བཞིན་གྱི་འགྱུར་ལྡོག་ཁོང་དུ་ཡང་དག་ཆུད་པ་དང་། མུ་མཐུད་དུ་ནན་ཏན་སྒོས་གནད་སྨིན་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་བྱེད་པ། དངོས་ཡོད་དང་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་དང་འཚོ་བའི་སྒྲིག་རིམ་སླར་གསོ་བྱེད་པ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཧུར་ཐག་ངང་བསྒྲུབ་དགོས་པ་བསྟན། །

        ཞིང་ཨུའི་ཧྲུའུ་ཅི་གཞོན་པའམ་ཞིང་ཨུའི་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་ཚོགས་གཙོ་གཞོན་པ་ཏེང་ཞའོ་ཀང་མཉམ་དུ་རྟོག་ཞིབ་ལ་ཕེབས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1