༄༅།།ཁྱིམ་ཐོ་ལ་ནུས་པ་གང་དག་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-23


        ཁྱིམ་ཐོ་ནི་རྒྱལ་ཁབ་ལས་ཁུངས་ཀྱིས་ཁྱིམ་ཚང་གཙོ་བྱས་ཏེ་སྡོད་དམངས་ཀྱི་རུས་མིང་དང་ལོ་ཚོད། ཕ་ཡུལ་སོགས་ཀྱི་ནང་དོན་ཡོད་པའི་དེབ་ལ་ཁྱིམ་ཐོ་ཐོ་འགོད་དེབ་ཟེར། སྤྱི་དམངས་ཤིག་འཇིག་རྟེན་འདིར་སོན་པའི་དུས་དེ་ནས་བཟུང་ངེས་པར་ཁྱིམ་ཐོའི་སྟེང་དུ་ཁྲིམས་བཀོད་ཐོ་འགོད་བྱ་དགོས་ལ། གལ་ཏེ་ནམ་ཞིག་ཚེ་ལས་འདས་ཚེ་དེ་ནས་བཟུང་ཁྱིམ་ཐོའི་སྟེང་ནས་གསུབ་དགོས། རང་རྒྱལ་གྱི་ཁྱིམ་ཐོའི་བཅའ་ཁྲིམས་ནུས་པ་གཙོ་བོ་གཤམ་གྱི་ཕྱོགས་འགའི་སྟེང་ནས་མཚོན་ཐུབ།
1.ཁྱིམ་ཐོའི་སྟེང་དུ་སྤྱི་དམངས་ཀྱི་རུས་མིང་བཀོད་ཡོད། སྤྱི་དམངས་སུ་ཡིན་རུང་རང་ཉིད་ཀྱི་མིང་ཡོད་ལ། ཁྱིམ་ཐོ་ཐོ་འགོད་སྡེ་ཁག་གིས་མིང་དེ་ཁྱིམ་ཐོའི་སྟེང་དུ་བཀོད་རྗེས་སྤྱི་དམངས་དེའི་ཁེ་དབང་གལ་ཆེན་ཞིག་ཏུ་གྱུར་སྲིད་པས། བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་ཐོབ་ལ་ལས་ཁུངས་དང་མི་སྒེར་སུ་ཡིན་རུང་ཁྲིམས་འགལ་སྒོས་བརྙས་བཅོས་བྱ་མི་ཆོག
2.ཁྱིམ་ཐོའི་སྟེང་དུ་སྤྱི་དམངས་ཀྱི་སྐྱེས་སྐར་ཟླ་ཚེས་དང་ཚེ་ལས་འདས་པའི་ཟླ་ཚེས་བཀོད་ཡོད། རང་རྒྱལ་གྱི་བཅའ་ཁྲིམས་གཏན་ཁེལ་ལྟར་ན། སྤྱི་དམངས་ཀྱི་སྐྱེས་སྐར་དུས་ཚོད་དང་དེའི་དམངས་དོན་ཁེ་དབང་ནུས་པ། དམངས་དོན་བྱ་སྤྱོད་ནུས་པར་འབྲེལ་བ་དམ་པོ་ཡོད་པས་བཅའ་ཁྲིམས་ཀྱི་ནང་དོན་གལ་ཆེན་ཡོད། དུས་མཚུངས་སུ་མི་ཚེ་ལས་འདས་པ་ཀྱང་བཅའ་ཁྲིམས་ཀྱི་མཇུག་འབྲས་འབྱུང་སྲིད། དཔེར་ན་གཉེན་སྒྲིག་འབྲེལ་བ་མཚམས་འཇོག་པ་དང་ཤུལ་འཛིན་འབྲེལ་བ་འགོ་བརྩམས་པ་སོགས། ཚེ་ལས་འདས་པའི་དུས་ཚོད་ཐོ་འགོད་བྱེད་པར་འོས་འཚམ་གྱི་བཅའ་ཁྲིམས་ནང་དོན་ཡོད།
3.ཁྱིམ་ཐོའི་སྟེང་དུ་སྤྱི་དམངས་ཀྱི་སྡོད་གནས་ཡོད་དགོས། སྡོད་གནས་དེ་ནི་མི་ཞིག་ཡུལ་དེ་ནས་ཡུན་རིང་ལ་གཞིས་སྡོད་བྱེད་སའི་གནས་ཤིག་ཡིན་ལ། སྤྱིར་བཏང་གི་གནས་ཚུལ་འོག །སྤྱི་དམངས་ཁྱིམ་ཐོ་ཡོད་སའི་གནས་དེ་ནས་གཞིས་སྡོད་བྱ་དགོས། སྡོད་གནས་གསལ་པོ་བྱེད་པའི་རྒྱུ་མཚན་ནི་དམངས་དོན་གཏུག་བཤེར་གྱི་མངའ་ཁོངས་ཚད་ཐིག་གཏན་ཁེལ་བྱེད་པ་དང་བཅའ་ཁྲིམས་ཡིག་ཆ་བསྐྱལ་བ་སོགས་ལ་སྟབས་བདེ་བཟོ་ཆེད་ཡིན།
4.ཁྱིམ་ཐོའི་སྟེང་ད་དུང་སྤྱི་དམངས་ཀྱི་ཕ་ཡུལ་དང་གཉེན་སྒྲིག་གནས་ཚུལ། གཉེན་ཉེ་དང་བུ་སྐལ། གནས་སྤོར་སོགས་ཀྱི་དོན་ཚན་ཡང་འགོད་དགོས། ནང་དོན་ཐམས་ཅད་མི་ཞིག་གི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་ཁེ་དབང་དང་འོས་འགན་སྣ་ཚོགས། སྤྱི་ཚོགས་འབྲེལ་བ་སྣ་ཚོགས་ལ་འབྲེལ་བ་ཡོད་དགོས།
5.ཁྱིམ་ཐོ་ནི་རྒྱལ་ཁབ་ཀྱིས་སྤྱི་ཚོགས་ལ་དོ་དམ་བྱེད་ཐབས་ཤིག་ཡིན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1