གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༢༤ཉིན།

ཧྥ་རན་སི་ནས་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་གཅིག་དང་སྟོང་དྲུག་བཅོ་བརྒྱད་དུ་འཕར།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་འཕྲོད་བསྟེན་སྤྱི་ཁྱབ་ཁང་གི་མགོ་བ་སཱ་ལོ་མིན་གྱིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཧྥ་རན་སི་རུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་གཅིག་དང་སྟོང་དྲུག་བཅོ་བརྒྱད་དུ་འཕར་ཡོད་པ་དང་། སྔ་ཉིན་ལས་ནད་པ་སྟོང་གཅིག་དང་ལྔ་བརྒྱ་ང་དགུ་ཇེ་མང་དུ་སོང་ཡོད་ཟེར། 
        སཱ་ལོ་མིན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཧྥ་རན་སི་རུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་དྲུག་བརྒྱ་དང་དོན་བཞི་རྐྱེན་ལམ་དུ་ཤོར་བ་དང་། སྔ་ཉིན་ནས་ནད་པ་བརྒྱ་དང་བཅུ་གཉིས་ཇེ་མང་དུ་སོང་ཡོད། ངོས་འཛིན་བྱས་པའི་ནད་པའི་ཁྲོད། བརྒྱ་ཆའི་སོ་ལྔའི་ལོ་ཚད་ལོ་རེ་ལྔ་ལས་དམའ་བར་མངོན། 
        སཱ་ལོ་མིན་གྱིས་བསྟན་དོན། ཧྥ་རན་སི་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་མུ་མཐུད་དུ་རྒྱ་ཡན་དུ་འགྲོ་བཞིན་ཡོད་པ་དང་། གནས་ཚུལ་སྔར་ལས་ཚབས་ཆེན་རེད། མིག་སྔར་ནད་པ་སྟོང་བདུན་དང་ཉིས་བརྒྱ་བཞི་བཅུ་སྨན་ཁང་དུ་བསྡད་ནས་གསོ་བཅོས་བྱེད་བཞིན་ཡོད་པ་དང་། དེའི་ནང་ནད་པ་སྟོང་གཅིག་དང་བདུན་བརྒྱ་ཞེ་དྲུག་ལ་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ཟེར། 
        ཧྥ་རན་སིའི་འཕྲོད་བསྟེན་པུའུ་ཀྲང་ཝེ་ལིང་གིས་ཚེས་ཉེར་གཉིས་ཉིན་བདེན་དཔང་བྱས་དོན། ཧྥ་རན་སི་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་སྨན་པ་གཅིག་རྐྱེན་ལམ་དུ་ཤོར་ཟེར།  །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1