གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༢༤ཉིན།

བོད་ལྗོངས་ཀྱི་དཔྱིད་ཀ། ཉིང་ཁྲི་ནས་འགོ་བརྩམས།


     ཟླ་3ཚེས་21ཉིན། “བོད་ལྗོངས་ཀྱི་དཔྱིད་ཀ་ཉིང་ཁྲི་ནས་འགོ་བརྩམས་”ཞེས་པ་དེ་ནི་བདེན་པ་རེད།
    “ད་ལོ་ཉིང་ཁྲིའི་དཔྱིད་ཀ་ལོ་སྔོན་མའི་དཔྱི་ཀ་ལས་ཤར་སྔ་བ་ཡོད། ཟླ་3པའི་ཟླ་འགོར། ལྷོ་ནས་བྱང་བར། ཉིང་ཁྲིའི་ས་གནས་ཁག་གི་ཁམ་བུའི་མེ་ཏོག་རིམ་བཞིན་རི་ཀླུངཀུན་དུ་བཞད་ཅིང་། མིག་སྔར། ཉིང་ཁྲི་གྲོང་ཁྱེར་དུ། ཁམ་བུའི་མེ་ཏོག་ཚང་མ་རབ་ཏུ་བཞད་པའི་དུས་ལ་སླེབས་པ་ལྟར་ཡོད་ཅིང་། ལོ་སྔོན་མ་ལས་ཉིན་བཅུ་ལྷག་སྔ་བ་བཞད་ཡོད། ”ཅེས་ཉིང་ཁྲི་གྲོང་ཁྱེར་གྱི་གྲོགས་པོས་གསར་འགོད་པར་བཤད།
  ཉིང་ཁྲི་གྲོང་ཁྱེར་ནི་བོད་ལྗོངས་་ཀྱི་ཤར་ལྷོའི་ཁུལ་དུ་གནས་པ་དང་།  བྱང་གི་འཕྲེད་ཐིག་ཏུའུ་26°52′-30°40′དང་།  ཤར་གྱི་གཞུང་ཐིག་ཏུའུ་92°09′-98°47′དུ་གནས་པས།  “བོད་ལྗོངས་ཀྱི་སྔོ་ལྗང་ཅན་གྱི་ཡུལ་ཁམས་”ཞེས་འབོད་ཀྱི་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། ཧི་མ་ལ་ཡའི་རི་རྒྱུད་དང་གཉན་ཆེན་ཐང་ལྷའི་རི་རྒྱུད་ནུབ་ནས་ཤར་བར་རྒྱ་སྐྱེད་བྱས་ཡོད་པ་དང་། ཤར་ཕྱོགས་འཕྲེད་རྒྱུག་རི་རྒྱུད་དང་མཐུད་ཡོད། ཤར་ལྷོའི་དམའ་ས་ཏག་ཏག་ཧིན་རྡུ་རྒྱ་མཚོར་ཕྱོགས་ཏེ་ཁ་ཤོ་ཆེན་པོ་ཞིག་ཕྱེ་ཡོད་པ་དང་། གཙང་ཆུར་ཕྱོགས་ནས་རྒྱུག་པའི་ཧིན་རྡུ་རྒྱ་མཚོའི་དྲོད་རླངས་དང་བྱང་ཕྱོགས་ཀྱི་གྲང་རླངས་གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱི་ཤར་དུ་གཅིག་འདུས་བྱས་པས། ཉིང་ཁྲི་གྲོང་ཁྱེར་དེ་ཚ་ཁུལ་དང་། ཚ་རྒྱུད་བར་མའི་མཐོ་གནོན། དྲོ་ཁུལ་དང་དེ་བཞིན་གྲང་ཁུལ་གནམ་གཤིས་མཉམ་འདུས་ཀྱི་གནམ་གཤིས་སྣ་མང་ཁུལ་ཞིག་ཏུ་གྲུབ་ཡོད། རྒྱ་མཚོ་ཆེན་པོ་གཉིས་ཀྱི་དྲོད་རླངས་ལོ་འཁོར་མོ་རྒྱུག་པས། ཉིང་ཁྲིའི་དམིགས་བསལ་གྱི་ཚ་ཁུལ་བཞའ་ཚན་དང་ཕྱེད་བཞའ་ཚན་གྱི་གནམ་གཤིས་གྲུབ་ཡོད་པ་རེད།

     ཉིང་ཁྲི་ནི་བོད་ལྗོངས་ཀྱི་དཔྱིད་ཀ་ཤར་སྔ་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན།  


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1