ཀྲུང་དབྱང་གིས་བཀོད་སྒྲིག་འདི་ལྟར་བྱས་འདུག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-24


        ཚེས་23ཉིན། ཀྲུང་དབྱང་གི་ཏོག་གསར་གློ་ཚད་རིམས་ནད་ཀྱི་འཕྲལ་བསྟུན་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ཏེ་ཕྱི་ཡོང་རིམས་ནད་ལ་སྔོན་འགོག་དང་རིམས་ནད་སླར་འཕར་ལ་འགོག་སྲུང་བྱེད་པ། གོ་རིམ་ལྡན་པར་ལས་ཀ་དང་ཐོན་སྐྱེད་སླར་གསོ་དང་འབྲེལ་བའི་བྱེད་ཐབས་བཀོད་སྒྲིག་བྱས། 
གནས་བབ་ངོས་འཛིན།
        མིག་སྔར་ཝུའུ་ཧན་གཙོ་བོ་ཡིན་པའི་རྒྱལ་ཡོངས་ཀྱི་རིམས་ནད་འགོས་ཁྱབ་གཞི་རྩའི་ཆ་ནས་བཀག་འགོག་བྱས་ནའང་། ནད་པ་རེ་འགའ་འབྱུང་བ་དང་ས་གནས་རེ་འགར་རིམས་ནད་བྱུང་བའི་ཉེན་པ་སྔར་བཞིན་གནས། 
འགོག་སྲུང་བྱེད་ཐབས།

        འཛམ་གླིང་ཡོངས་ཀྱི་རིམས་ནད་གནས་ཚུལ་དང་བསྟུན་ནས་ཕྱི་ཡོང་རིམས་ནད་ལ་སྔོན་འགོག་དང་རིམས་ནད་སླར་འཕར་འགོག་སྲུང་གི་བྱེད་ཐབས་ལག་བསྟར་བྱ་དགོས།    

  ལས་ཀ་གཙོ་བོ། 

        ཝུའུ་ཧན་དང་ཧའོ་པེ་ཡིས་ནད་པ་ལྕི་མོར་སྨན་བཅོས་བྱེད་པའི་ལས་ཀ་ལེགས་པོར་བསྒྲུབས་ནས་དུས་ཐོག་ཏུ་གསར་བྱུང་ནད་པར་སྨན་བཅོས་བྱ་དགོས། 
        གནས་ཚུལ་སྦ་གསང་མེད་པར་ཁྱབ་བསྒྲགས་བྱ་དགོས་པ་དང་། གལ་སྲིད་རིམས་ནད་བྱུང་ན་གནད་ལ་འཁེལ་བར་ཚོད་འཛིན་བྱེད་ཐུབ་དགོས་པར་མ་ཟད། རིམས་ནད་བྱུང་ཟིན་པ་དང་འགོས་ཁྱབ་ཀྱི་ཉེན་ཁ་ཆེ་བའི་གནས་དག་བཀག་སྡོམ་བྱ་དགོས།
        གནད་ལ་འཁེལ་ཞིང་ཕྱོད་ནུས་ལྡན་པའི་སྒོ་ནས་ཡུལ་ཁོངས་བརྒལ་ནས་རིམས་ནད་འགོ་བར་སྔོན་འགོག་བྱ་དགོས། 
        རང་རྒྱལ་གྱི་ཕྱི་སྡོད་གཞུང་གཞུང་ཚབ་ལས་ཁུངས་ཀྱིས་ཕྱི་སྡོད་སྤྱི་དམངས་ཀྱི་གཞུང་ཚབ་སྲུང་སྐྱོབ་དང་རིམས་ནད་འགོག་སྲུང་ལ་རོགས་འདེགས་བྱ་དགོས།
        རྒྱལ་ཡོངས་ཀྱི་བསྟུན་མར་ཉེན་པ་ཆུང་བའི་ཞིང་ཆེན་མང་ཆེ་བས་ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་དུས་མཚུངས་སུ། དུས་ཐོག་ཏུ་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་རིམ་ལ་མི་འཚམས་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དག་མེད་པར་བཟོ་དགོས། 
        ཞིབ་བཤེར་ཆོག་མཆན་གྱི་རྐྱེན་གྱིས་ཁེ་ལས་ཀྱི་ལས་ཀ་སླར་གསོ་ཕྱིར་འགྱང་བྱེད་མི་རུང་།
        ཉེན་ཁ་ཆེ་བ་དང་ཉེན་ཁ་འབྲིང་གྲས་ཀྱི་ས་ཁུལ་ནས་ཡོང་བའི་མི་སྣ་ཕུད། གཞན་པའི་ས་ཁུལ་ནས་ཡོང་བའི་མི་སྣ་དག་ལས་ཀར་མ་ཞུགས་པའི་སྔོན་དུ་ཟུར་བཀར་བྱེད་མི་དགོས།
        ས་གནས་དང་ལས་ཁུངས་ཀྱིས་འགན་ཁུར་ཕྲག་ཏུ་བླངས་ནས་ལས་ཀ་བསྒྲུབ་ས་དང་ལས་མིའི་རིམས་ནད་འགོག་སྲུང་བྱ་བ་ལེགས་པོར་བསྒྲུབ་དགོས། 
        ས་གནས་སོ་སོས་ཚ་བ་རྒྱས་པའི་སྒོ་བསྟུན་སྨན་ཁང་སོགས་ཀྱི་ལམ་ལུགས་སོར་བཞག་བྱས་ཏེ། མཁོ་བསྟུན་བཀོད་སྒྲིག་གི་ནུས་པ་རྒྱུན་འཁྱོངས་ནས་“སྔ་བ་རྣམ་བཞི”ལེགས་པོར་བསྒྲུབ་དགོས། 
        རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྲུང་སྡེ་ཁག་གིས་ས་གནས་སོ་སོ་དང་ཧའོ་པེ་བར་གྱི་མཐུད་སྦྲེལ་ལ་མཛུབ་སྟོན་བྱས་ཏེ་བདེ་འཇགས་ཡིན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཧའོ་པེ་རུ་ལུས་ཡོད་པའི་མི་སྣ་ཕྱིར་ཕ་ཡུལ་དུ་ལོག་པ་སོགས་ཀྱི་ལས་ཀ་ལེགས་པོར་བསྒྲུབ་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1