བརྒྱད་ཟིལ་རྫོང་གིས་བོང་བུ་གསོ་ཚགས་བྱས་ནས་དབུལ་ཐར་ཕྱུག་འགྱུར་ལམ་དུ་བསྐྱོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-25



   བརྒྱད་ཟིལ་རྫོང་གིས་བོང་བུ་གསོ་ཚགས་བྱས་ནས་དབུལ་ཐར་ཕྱུག་འགྱུར་ལམ་དུ་བསྐྱོད།

   བརྒྱད་ཟིལ་རྫོང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་གནས་ཡོད་ཅིང་། ས་ཁུལ་གསུམ་དང་ཁུལ་གསུམ་གྱི་ཆེས་དབུལ་ཕོངས་ཀྱི་རྫོང་གི་གྲས་ཤིག་ཡིན་ཞིང་། དེ་སྔ་ས་གནས་དེ་གའི་ཞིང་དུད་མང་པོ་ཞིག་གི་ངོས་ནས་བརྗོད་ན། ཁོ་ཚོའི་བ་ཕྱུགས་ལུག་གསོའི་ལས་ཀ་དེ་རླུང་རྟ་དར་མིན་ལ་བརྟེན་དགོས་པ་དང་། ལོ་ཏོག་འདེབས་པ་ཡང་གནམ་གཤིས་བཟང་ངན་ལ་རག་ལས་པས་ལོ་འཁོར་མོར་སོ་ནམ་ཡོང་འབབ་སྐབས་རེར་མང་ལ་མཚམས་རེར་ཉུང་བ་རེད། འདི་འདྲའི་གནས་ཚུལ་འོག་དབུལ་ཞྭ་ལྗིད་པོས་མགོ་ཐོག་ནས་མནན་ཏེ་ནམ་ཡང་ཕུད་ཐབས་བྲལ་བ་དང་། དེ་རྗེས་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་སྤེལ་བ་ནས་བཟུང་བརྒྱད་ཟིལ་རྫོང་གིས་ཞིང་ཕྱུགས་ཐོན་ལས་དམ་འཛིན་ནན་པོར་བྱས་ཏེ་མང་ཚོགས་དབུལ་པོས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་དབུལ་ཐར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད། 2016ལོར་བོང་བུ་གསོ་ཚགས་བྱེད་པ་དེ་བརྒྱད་ཟིལ་རྫོང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱིལོ་ལྔའི་འཆར་གཞི་བཅུ་གསུམ་པའིའཆར་འགོད་ནང་བཅུག་ཡོད། བོང་བུ་གསོ་ཚགས་ལས་དོན་གྱིས་བརྒྱད་ཟིལ་མང་ཚོགས་དབུལ་པོར་དབུལ་ཐར་ཕྱུག་འགྱུར་གྱི་སྒོ་མོ་ཞིག་ཕྱེ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བརྒྱད་ཟིལ་རྫོང་ནི་དཔེ་མཚོན་དུ་འོས་པའི་སྲོལ་རྒྱུན་ཞིང་འབྲོག་ལས་དར་སའི་རྫོང་ཞིག་ཡིན་པ་དང་ཕྱུགས་རིགས་གསོ་ཚགས་ནི་ས་གནས་དེ་གའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་བོང་བུ་གསོ་བ་ནི་བརྒྱད་ཟིལ་རྫོང་འབྲོག་ལས་གསོ་ཚགས་ལོ་རྒྱུས་ཐོག་གི་ཚོད་ལྟ་གསར་པ་ཞིག་ཡིན་ཞིང་། དབུལ་ཐར་འགག་སྒྲོལ་གྱི་ལས་དོན་སྤེལ་བ་ནས་བཟུང་རྫོང་དེའི་ཁེ་ལས་དང་ཞིང་དུད་སོགས་ལས་རིགས་དེའི་ནང་ཞུགས་ཏེ་སྔར་ཡོད་ཀྱི་གསོ་ཚགས་བྱེད་སྟངས་དེ་བོང་བུ་གསོ་ཚགས་བྱེད་སྟངས་སུ་བསྒྱུར་བ་དང་། “སྤྱི་གཉེར་ཁང་དང་རྟེན་གཞི། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་རྣམ་པ་བརྒྱུད་དེ་བོང་བུའི་འབྲེལ་ཡོད་ཐོན་རྫས་རབ་དང་རིམ་པ་སྐྱེད་སྲིང་དང་ཁྱད་ལྡན་ཟོང་རྟགས་བསྐྲུན་ཏེ་རྫོང་ཡོངས་གཞི་གཅིག་ཅན་གྱི་བོང་བུ་གསོ་ཚགས་ཐོན་ལས་སྦྲེལ་ཐག་ཅིག་བཟོས་པ་རེད།

     བོང་བུ་གསོ་ཚགས་རྟེན་གཞིའི་འགན་འཁུར་པ་ལུའུ་ཧུང་གིས་བརྒྱད་ཟིལ་རྫོང་གིས་ཆེད་ལས་དྲྭ་ཐོག་ཚོང་དོན་གཉེར་སྐྱོང་སྤྱི་གཉེར་ཁང་ཙེ་ཅང་ལེའང་ཀྲུང་མ་རྐང་ཚོད་འཛིན་ཚད་ཡོད་སྤྱི་གཉེར་ཁང་ནང་འདྲེན་བྱས་ནས་བརྒྱད་ཟིལ་རྫོང་གི་ཞིང་ལས་ཁྱད་ལྡན་ཐོན་ཟོག་སྤུས་ལེགས་སྔར་བས་ཁྱབ་གདལ་བཏང་ཡོད། ཙེ་ཅང་ལེའང་ཀྲུང་མ་རྐང་ཚོད་འཛིན་ཚད་ཡོད་སྤྱི་གཉེར་ཁང་གིས་སྔ་ཕྱི་བར་གསུམ་དུ་རྫོང་ཁོངས་ཀྱི་དཔལ་འབྱོར་གསར་པ་གཏོད་རྒྱུར་གཞོལ་བ་དང་ཞིང་ལས་ཐོན་རྫས་ནང་འདྲེན། གློག་རྡུལ་ཚོང་དོན་གྱི་ཤེས་ལྡན་མི་སྣ་གསོ་སྦྱོང་། སྤྱི་པའི་ཞབས་ཞུའི་ལྟེ་གནས་གཉེར་སྐྱོང་། ཞིང་ལས་དང་ཡུལ་སྐོར་འཆར་འགོད་གསར་སྤེལ་བཅས་གཞི་གཅིག་ཏུ་འདུས་པའི་རྫོང་ཁོངས་ཀྱི་དྲྭ་ཐོག་ཚོང་དོན་ཕྱོགས་བསྡུས་ཞབས་ཞུ་བྱས་ཏེ་རྒྱལ་ཡོངས་ཀྱི་རྫོང་ཁོངས58ལ་ཞབས་འདེགས་ཞུས་ནས“ཐང་ཡ་སེ་ཞོག་ཁོག་མངར་མོ”དང་། “ཧྲན་མན་སྡིག་སྲིན་སྔོན་པོ”“ཆིང་ཀྲེན་པ་ལུམ”སོགས་ཞིང་ལས་ཐོན་རྫས་ཀྱི་ཟོང་རྟགས་མང་པོར་གྲུབ་འབྲས་ཐོབ་ཡོད་པ་རེད་ཅེས་བཤད།

བརྒྱད་ཟིལ་རྫོང་གིས་བོང་བུ་གསོ་ཚགས་བྱས་ནས་དབུལ་ཐར་ཕྱུག་འགྱུར་ལམ་དུ་བསྐྱོད།

    2019ལོར་བརྒྱད་ཟིལ་རྫོང་བོང་ཤའི་ཐོན་རྫས་དེ་ལེའང་ཀྲུང་མ་རྐང་ཚོད་འཛིན་ཁོངས་གཏོགས་ཀྱི་ཞིང་ཞོར་ཐོན་ཟོག་ཐད་ཀར་དྲྭ་ཐོག་ཚོང་དོན་ལས་སྟེགས་སུ་སྤེལ་བར་རྒྱལ་ཡོངས་ཀྱི་འཛད་སྤྱོད་པ་མི་ཉུང་བ་ཞིག་གི་དགའ་བསུ་ཐོབ་ཡོད་ཅིང་། 2020ལོར་བརྒྱད་ཟིལ་རྫོང་ལོ་སར་མཁོ་ཆས་དུས་ཆེན་སྐབས་དང་པོའི་ཐོག་དཀར་ཆུས་གྲོང་རྡལ་མི་རིགས་ལུས་རྩལ་ཁང་དུ་བོང་བུའི་མུ་འབྲེལ་ཐོན་རྫས་འགྲེམ་སྤེལ་བྱས་ཏེ་ལོ་སར་གྱི་མཁོ་ཆས་དུས་ཆེན་རིང་བརྒྱད་ཟིལ་རྫོང་སྐྱིད་ཐར་བོང་བུ་གསོ་ཚགས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གིས་ཡུལ་དངོས་སུ་བོང་ཤ་རྐྱང་པའི་ཐོན་རྫས500ལྷག་བཙོངས་པར་ཡོང་འབབ་སྒོར་ཁྲི3ཙམ་ཐོབ་ཡོད།

    ལོ་ཕྱེད་རིང་། ཙེ་ཅང་ལེའང་ཀྲུང་མ་རྐང་ཚོད་འཛིན་ཚད་ཡོད་སྤྱི་གཉེར་ཁང་གིས་རྫོང་ཁོངས་ཀྱི་དཔལ་འབྱོར་ཁྱབ་ཁོངས་གསར་པའི་ལོ་མང་རིང་འཚོལ་ཞིབ་བྱས་པའི་ཉམས་མྱོང་ལ་བརྟེན་ནས་བརྒྱད་ཟིལ་བོང་བུའི་ཐོན་ལས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་བོང་བུའི་ཁྱད་ལྡན་ཐོན་རྫས་འཕེལ་རྒྱས་གཏོང་ཆེད“མཚོ་ཐོག་དང་ས་ཐོག མཁའ་ཁུངས”བཅས་ཀྱི་ཐབས་ལམ་ཧྲིལ་པོའི་ཚོང་གཉེར་རྣམ་པ་དང་བར་སྟོང་བཏོད་དེ་རྒྱལ་ཡོངས་ཀྱི་འཛད་སྤྱོད་པ་དེ་བས་མང་པོའི་ཡིད་དབང་འགུག་པར་ཤུགས་བརྒྱབ་ནས་ས་གནས་དེ་གའི་ཞིང་དུད་དབུལ་ཐར་ཡོང་བར་རམ་འདེགས་བྱས་པ་རེད།

      ཤེས་རྟོགས་བྱུང་བར་གཞིགས་ན། མ་འོངས་པར“ཀྲུང་གོའི་གཡེར་མའི་འབྱུང་ཡུལ”དང“འཛམ་གླིང་གི་འབྲི་གཡག་ཆེ་ཤོས་ཀྱི་འབྱུང་ཡུལ”སོགས་ཐོན་ཁུངས་བཟང་པོ་ལ་བརྟེན་ནས་སྐད་གྲགས་ཆོད་པའི་བརྒྱད་ཟིལ་རྫོང་གིས་མཉམ་འགུལ་ངང་ཁྱད་ལྡན་བོང་བུ་གསོ་ཚགས་ཐོན་ལས་བསྐྲུན་ཏེ་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་མུ་མཐུད་དོན་འཁྱོལ་བྱ་རྒྱུ་ཡིན་ཞིང་། འཆར་གཞི་ལྟར་ན། ལོ་བརྒྱད་ཀྱི་དུས་ཚོད་སྤྱད་དེ་བཤས་བཏང་བོང་བུ་ཁྲི4ལ་བསླེབ་པ་བྱས་ནས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར9ལ་ཟིན་རྒྱུ་དང་། “གྲོང་རྡལ་གཅིག་དང་ཡུལ་ཤོག་དྲུག”གཙོ་བོར་བྱས་པའི“སྤྱི་ལེ་བརྒྱའི་ཁྱད་ལྡན་ཐོན་ལས་ར་བ”བསྐྲུན་ནས་ཁྱད་ལྡན་བོང་བུ་གསོ་ཚགས་རྒྱ་ཆེར་གཏང་རྒྱུ་ཡིན་པ་དང་། དུས་མཚུངས་སུ་ཙེ་ཅང་ལེའང་ཀྲུང་མ་རྐང་ཚོད་འཛིན་ཚད་ཡོད་སྤྱི་གཉེར་ཁང་དང་མཉམ་འབྲེལ་ཐོག་བརྒྱད་ཟིལ་བོང་བུའི་ཁྱད་ལྡན་ཐོན་རྫས་དམར་འདོན་བྱེད་ཚད་སྔར་བས་མཐོ་རུ་བཏང་ནས་ཞིང་དུད་དེ་བས་མང་པོ་དབུལ་ཐར་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་ཁྲིད་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1