ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་ལ་ཁ་པར་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 03-25


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་ལ་ཁ་པར་བཏང་།
        ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་དེ་དབྱིན་ཇི་སྲིད་གཞུང་དང་དབྱིན་ཇི་མི་དམངས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཐད་ནས་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུ་བའི་ཚུལ་བསྟན། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་སྲིད་གཞུང་གིས་ཕྱི་རྒྱལ་ན་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་སྲུང་སྐྱོབ་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། དབྱིན་ཇི་ཕྱོགས་ཀྱིས་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ་དབྱིན་ཇི་ན་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ལྷག་པར་དུ་སློབ་གཉེར་བྱེད་བཞིན་པའི་སློབ་མའི་བདེ་ཐང་བདེ་འཇགས་དང་ཚུལ་མཐུན་ཁེ་དབང་སྲུང་སྐྱོབ་བཟང་བོ་བྱེད་དགོས་ཟེར།
        ཡའོ་ཧན་ཞོན་གྱིས་བཤད་རྒྱུར། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། རིམས་ནད་འགོག་སྲུང་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་པས། བདག་གིས་དེའི་ཐད་ནས་ཁྱོད་ཚོར་རྟེན་འབྲེལ་ཞུས་པ་ཡིན། དེང་སྐབས། དབྱིན་ཇིའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་བབ་ཛ་དྲག་ཆེ་བས། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ནུས་ལྡན་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་ཚན་རིག་དང་མཐུན་ཞིང་ནུས་པ་ལྡན་པའི་འགོག་སྲུང་བྱེད་ཐབས་སྤྱོད་བཞིན་ཡོད། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོས་རིན་ཐང་བྲལ་བའི་རྒྱབ་སྐྱོར་དང་རོགས་རམ་འདོན་སྤྲོད་བྱས་པར་བཀའ་དྲིན་ཆེ་ཞུ་བ་དང་། སྟོབས་ཤུགས་གང་ཡོད་བཏོན་ནས་དབྱིན་ཇི་ན་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ལྷག་པར་དུ་སློབ་གཉེར་བྱེད་བཞིན་པའི་སློབ་མའི་བདེ་ཐང་དང་བདེ་འཇགས་སྲུང་སྐྱོབ་བཟང་བོ་བྱེད་ངེས་ཡིན་ཟེར།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1