ལོངས་སྤྱོད་འཛོམས་པའི་གངས་ལྗོངས་སུ། དགའ་སྐྱིད་གླུ་དབྱངས་གང་སར་ཁྱབ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-30



     རླབས་ཆེན་འཕོ་འགྱུར་གྱི་ཟིལ་རླབས་དགུང་དུ་འཕྱུར་ཞིང་། འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད། ལོ་61རིང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ལྟ་རེས་སྐྱོང་རེས་དང་འབད་བརྩོན་ལྷོད་མེད་བྱས་ཏེ། བྱ་གཞག་ཁག་ཉིན་བཞིན་གོང་འཕེལ་དང་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བར་སྐུལ་འདེད་བཏང་བས། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛམ་གླིང་ཡང་རྩེར་འགྱིང་ངེར་ལངས་ཐུབ་ཡོད་པ་རེད།
     ལོ་61རིང་། ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཁྲིད་སྟོན་འོག བོད་ཀྱི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུཌ་འཕེལ་རྒྱས་ཀྱི་ཆུ་ཚད་ཉིན་བཞིན་མཐོ་རུ་ཕྱིན་པ་དང་། དཔལ་འབྱོར་བསྡོམས་འབོར་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ། དཔལ་འབྱོར་གྱི་གྲུབ་ཆ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་བ་བཅས་ལས་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གསོན་ཤུགས་ཆེན་པོ་མངོན་ཡོད། རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་འཐུས་སྒོ་ཚང་དུ་སོང་ཞིང་། མཚོ་བོད་ལྕགས་ལམ་གོར་ལྷ་དུམ་བུའི་ནུས་སྐྱེད་སྒྱུར་བཀོད་ལས་གྲྭ་བསྐྲུན་ནས་གཉེར་སྐྱོང་བྱས་པ་དང་། ཝ་ཐང་དང་གསེར་ཟམ་ཆུ་ཤུགས་གློག་ཁང་ནས་གློག་བཏང་བ། ལ་ལྷོ་ཆུ་བེད་ལྟེ་བར་ཆུ་བསགས་པ་བཅས་རེད། གྲོང་གསེབ་ཀྱི་དྲ་བ་སྒྱུར་བཀོད་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་། གློག་དྲ་གཙོ་བོ་རྫོང(ཆུས)66ལ་ཁྱབ་པ། རྒྱ་ཚ་དང་དྭགས་པོ་སོགས་ཆུ་ཤུགས་གློག་ཁང་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་རྟེན་གཞི་བདེ་བླག་ངང་བསྐྲུན་པ། གྲོང་གསེབ་ཀྱི་གཞུང་ལམ་1288དང་ཤངས་ཆུའི་ཆུ་བེད་ལྟེ་བ་མགྱོགས་མྱུར་བསྐྲུན་པ། མངའ་རིས་དང་བོད་དབུས་རྒྱུད་ཀྱི་གློག་དྲའི་དྲ་སྦྲེལ་ལས་གྲྭ་དང“དམངས་འཚོ་ཆེན་པོ་གསུམ”གྱི་རྣམ་གྲངས་སོགས་རྣམ་གྲངས་གལ་ཆེན་རབ་དང་རིམ་པ་ལས་འགོ་བཙུགས་པ་བཅས་ལས། ད་ཆའི་བོད་དུ་མི་དམངས་བདེ་སྡོད་ལས་བརྩོན་དང་འཚོ་བ་བདེ་སྐྱིད་ལྡན་པ། ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་མཐུད་ངང་ཆེ་རུ་འགྲོ་བཞིན་ཡོད།

     བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་གཅིག་སེམས་གཅིག་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱེད་བཞིན་ཡོད་པས། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་བསྐྲུན་པའི་རླབས་ཆེན་བྱ་གཞག་ལ་རྒྱལ་ཁ་གསར་པ་དེ་བས་ཆེ་བ་ཐོབ་ངེས་རེད་ལ། མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་འདོད་བྱེད་པ་མངོན་འགྱུར་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1