ཨ་རིའི་ཏོག་གསར་ནད་པ་ཁྲི་བཅུ་ལས་བརྒལ་ཟིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-30


        ཨ་རིའི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་གཞི་གྲངས་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས་27ཉིན་གྱི་ཆུ་ཚོད་17དང་སྐར་མ་13བར།  ཨ་རི་ལ་ཏོག་གསར་གློ་ནད་ཀྱི་ནད་ངོ་བཟུང་བའི་ནད་པ་100717བྱུང་ཡོད་པ་དང་། དེ་ལས་ནད་པ་1544ཚེ་ལས་འདས་ཞིང་།  ཉིན་དེར་གསར་དུ་ནད་ངོ་བཟུང་བའི་ནད་པ་ཁྲི་2ལ་ཉེ་བ་བྱུང་ཡོད།  དུས་མཚུངས་སུ།  ཨ་རིའི་ཏོག་གསར་གློ་ཚད་ཀྱི་བརྟག་དཔྱད་ནུས་པ་མཐོ་འདེད་གཏོང་འགོ་བརྩམས་ཀྱང་།  ཚེས་26ཉིན་གྱི་བར།  ཉིག་ཡོ་ཁུལ་གཅིག་པུ་ལ་མི་གྲངས་ཆིག་འབུམ་ལྷག་ལ་བརྟག་དཔྱད་བྱེད་ཐུབ་ཡོད་པ་མ་གཏོགས།  ཁུལ་36(ཝ་ཧྲིང་ཐོན་དམིགས་བསལ་ཁུལ་འདུས་)གི་བརྟག་དཔྱད་མི་གྲངས་ཆིག་ཁྲི་ལ་སླེབས་མེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1