གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༣༠ཉིན།

༄༅།།ལྷམ་བཀྲུ་ཐབས་འགའ།

        དྲ་ལྷམ་བཀྲུ་ཐབས།སོ་སྨན་དང་གོས་འཁྲུད་གཤེར་ཁུ་མཉམ་དུ་བསྲེས་རྗེས། སྤུ་འཇམ་སོ་ཤད་སྤྱད་ནས་བཀྲུ་དགོས། ལྷམ་སྟེང་གི་ནག་ཐིག་བཀྲུ་ཐབས།རླངས་སྣུམ་དྭངས་མ་ཐིགས་པ་གཉིས་ཙམ་བླུགས་རྗེས་རས་ཀྱིས་གཙང་མར་ཕྱི་དགོས། ལྷམ་དཀར་པོ།སྐྱུར་ཁུ་དཀར་པོ་དང་སོ་སྨན་མཉམ་དུ་བསྲེས་རྗེས། སོ་ཤད་ཀྱིས་ཐེངས་ཁ་ཤས་ལ་བཀྲུ་དགོས། ཁུལ་ལྷམ།འདག་གཤེར་དང་སྐྱུར་ཚུའུ་དཀར་པོ་མཉམ་དུ་བསྲེས་རྗེས། མཚོ་བལ་སྤྱད་ནས་ཕྱི་དགོས། ཀོ་ལྷམ།རས་རློན་པས་རྡུལ་ཕྱིས་རྗེས། ལག་སྲུང་བྱུག་རྫས་ལྷམ་སྟེང་ལ་བྱུགས་དང་། ལྟེབ་ཤུལ་མེད་པར་འགྱུར་ངེས། འདྲུད་ལྷམ།སོ་ཏ་ཆུང་བ་དང་སོ་སྨན་སྐྱུར་ཚུའུ་དཀར་པོ་བཅས་མཉམ་དུ་བསྲེས་རྗེས། ཆུ་གཙང་མ་བླུགས་ཏེ་ཆུ་ཚོད་ཕྱེད་ཀ་ཙམ་སྦོངས་དང་། འདྲུད་ལྷམ་གཙང་མ་ཆགས་ཐུབ། 《ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དྲ་བ》ལྟར།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1