ཨ་རིའི་ཏོག་གསར་གློ་ཚད་ཀྱི་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་ཁྲི་16ལས་བརྒལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-01



    ཨ་རིའི་ཇོང་སི་ཧོབ་ཁེན་སི་སློབ་ཆེན་གྱིས་ཚེས་30ཉིན་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལ་གཞིགས་ན། ཨ་རིའི་ཏོག་གསར་གློ་ཚད་ཀྱི་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་ཁྲི་16ལས་བརྒལ་ཡོད་པ་རེད། མིག་སྔར་ཨ་རི་ནི་གོ་ལ་ཧྲིལ་པོའི་ཏོག་གསར་གློ་ཚད་ཀྱི་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་མང་ཤོས་ཀྱི་རྒྱལ་ཁབ་ཡིན། 
     གྲངས་གཞི་ལ་གཞིགས་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས་30ཉིན་གྱི་ཆུ་ཚོད་18དང་སྐར་མ་30བར(པེ་ཅིང་གི་དུས་ཚོད་ཚེས་31ཉིན་གྱི་ཆུ་ཚོད་6དང་སྐར་མ་30པར)ཨ་རིའི་ཏོག་གསར་གློ་ཚད་ཀྱི་ནད་གཞི་གཏན་འཁེལ་བྱས་བའི་ནད་དཔེ་160020བར་མང་དུ་ཕྱིན་པ་དང་ཚེ་འདས་ནད་དཔེ་2953ཟིན་ཡོད་པ་རེད། དེའི་ནང་ཉིའུ་ཡོའུ་མངའ་སྡེ་ནི་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་དང་ཚེ་འདས་ནད་དཔེ་མང་ཤོས་ཡིན་ལ། ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ66497ཟིན་པ་དང་ཚེ་འདས་ནད་དཔེ་1218ཟིན་པ་རེད། 
     གཞན་ཡང་སློབ་ཆེན་དེའི་གྲངས་གཞི་ལ་གཞིགས་ན། གོ་ལ་ཧྲིལ་པོར་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ཀྱི་ནད་གཞི་གཏན་འཁེལ་བྱས་བའི་ནད་དཔེ་777286བར་འཕར་བ་དང་། ཚེ་འདས་ནད་དཔེ་37140ཟིན་པ་རེད། དབྱི་ཐ་ལི་ནི་མིག་སྔར་ཚེ་འདས་ནད་དཔེ་མང་ཤོས་ཀྱི་རྒྱལ་ཁབ་ཡིན་ལ། ཚེ་འདས་ནད་དཔེ་11591ཟིན་པ་དང་། དེའི་ནད་གཞི་གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི་10ལས་བརྒལ་ཡོད་པ་རེད། 
     གྲངས་གཞི་དེ་དག་ནི་ཇོང་སི་ཧོབ་ཁེན་སི་སློབ་ཆེན་གྱི་ཏོག་གསར་ནད་དུག་ཞིབ་འཇུག་རྣམ་གྲངས་ཀྱིས་ཕྱོགས་བསྡུས་བྱས་པའི་ཨ་རིའི་མངའ་སྡེ་ཁག་གི་རིམས་ནད་གནས་ཚུལ་སྙན་ཞུ་དང་དེ་བཞིན་རྒྱལ་ཁབ་དང་ས་ཁུལ་ཁག་གི་གྲངས་གཞི་ལས་བྱུང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1