ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་གཉེར་བའི་དུས་ཚོད་ཐད་ཕྱོགས་ཁག་དབར་གྲོས་མཐུན་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-01


 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་དང་། ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་ཨུ་ལྷན་སོགས་ཕྱོགས་ཁག་དབར་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་གཉེར་བའི་དུས་ཚོད་གསར་པ་གྲོས་མཐུན་བྱུང་བ་དང་། གལ་ཏེ་བསམ་ཡུལ་ལས་འདས་པའི་གནས་ཚུལ་མ་ཐོན་ཚེ། 2020ལོའི་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་དེ་2021ལོའི་ཟླ་7ཚེས་23ཉིན་འགོ་འཛུཌ་རྒྱུ་དང་ཟླ་8ཚེས་8ཉིན་མཇུག་འགྲིལ་རྒྱུ་རེད།
     ཚེས་24ཉིན་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་དང་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་ཨུ་ལྷན་གྱིས་མཉམ་དུ་གསལ་བསྒྲགས་སྤེལ་ནས་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ནར་འགྱངས་བྱ་རྒྱུ་ཡིན་ཡང་2020ལོའི་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་མིང་སྔར་བཞིན་བེད་སྤྱོད་གཏོང་རྒྱུ་ཡིན་པ་དངོས་སུ་གཏན་འཁེལ་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1