ལྷ་ས་གྲོང་ཁྱེར་གྱིས་2020ལོའི་ཤིང་འཛུགས་བྱེད་སྒོ་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-04



     ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་སྔོ་འགྱུར་ཨུ་ལྷན་དང་ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་གཅིག་གྱུར་བཀོད་སྒྲིག་འོག་ལྷ་ས་གྲོང་ཁྱེར་དུ་བཅའ་སྡོད་ཀྲུང་དབྱང་ཐད་གཏོགས་ཚན་པ་དང་། ལྗོངས་ཐད་གཏོགས་ཚན་པ། གྲོང་ཁྱེར་ཐད་གཏོགས་ཚན་པ་བཅས་ཀྱིས་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་དུ་བསྐྱོད་དེ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་2020ལོའི་ལྷ་ས་གྲོང་ཁྱེར་གྱི་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་བ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོས“འོས་འགན་ཤིང་འཛུགས་ནང་ཧུར་ཐག་ཞུགས་ནས་ལྗང་མདོག་གི་བདེ་སྐྱིད་ལྡན་པའི་ལྷ་ས་མཉམ་དུ་སྐྲུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ས་ཆ་དང་འཚམ་པའི་ཤིང་འཛུགས་ཀྱི་རྩ་དོན་གཞིར་བཟུང་། ཧོ་པེའི་སྦྱར་པ་(སྡོང་རྐང་5407)དང་།  སྦྱར་དཀར(སྡོང་རྐང་5407)  རྒྱལ་རྩེའི་བྱེ་ཚེར(སྡོང་རྐང་10056)བཅས་འདེབས་འཛུགས་བྱ་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་རྟེན་གཞི་དེའི་འདེབས་འཛུགས་རྒྱ་ཁྱོན་མུའུ་253.7ཟིན་རྒྱུ་ཡིན་པ་རེད། གྲོང་ཁྱེར་ཡོངས་ཀྱི(རྫོང་དང་ཆུས་ཁག་ཚུད་པ)འདི་ལོའི་འོས་འགན་ཤིང་འཛུགས་ཀྱི་སྤྱིའི་གཞི་ཁྱོན་མུའུ་30500ཡན་ཟིན་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1