གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༠༤ཉིན།

དཀར་མཛེས་རྫོང་གིས་མུའུ་ཁྲི་ཅན་གྱི་ནས་ཀྱི་སོན་བཟང་རྟེན་གཞི་བསྐྲུན་པ།


      ཟླ་3པའི་དཀར་མཛེས་མཐོ་སྒང་ལ་ཉི་འོད་དྲོ་ཞིང་འཇམ་ལ་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་རྒྱས་ཡོད། དཀར་མཛེས་རྫོང་ལྷོ་པ་ཞང་དུ་རྨོ་འདེབས་འཕྲུལ་འཁོར་6གིས་ཚ་ཚ་འུར་འུར་གྱིས་ཞིང་ནང་རྨོ་འདེབས་བྱེད་བཞིན་ཡོད། 
     དཀར་མཛེས་རྫོང་གི་ལོ་ཧྲིལ་པོའི་ནས་འདེབས་ཁྱོན་མུའུ་ཁྲི་9.6ཟིན་པ་དང་ཐོན་ཚད་ཏུན་ཁྲི་2.5ཟིན་ཡོད། འདི་ལོའི་ཟླ་3པའི་ཟླ་འགོར། དཀར་མཛེས་རྫོང་གིས་ས་ཞིང་བརྒྱུད་བཤུག་མཐུན་སྦྱོར་ངང་ལེགས་འགྲུབ་བྱུང་སྟེ་མུའུ་ཁྲི་ཡི་ནས་ཀྱི་སོན་བཟང་གསོ་སྤེལ་དཔེ་སྟོན་རྟེན་གཞི་དངོས་སུ་སྐྲུན་འགོ་བཙུགས་པ་རེད། 
     དཀར་མཛེས་རྫོང་གི་སྤྱི་ཁྱབ་ཞིང་ལས་ལག་རྩལ་པ། མཐོ་རིམ་ཞིང་ལས་ལག་རྩལ་པ་ཝང་ཡོན་གྱིས་“མུའུ་ཁྲི་ཡི་ནས་ཀྱི་སོན་བཟང་དཔེ་སྟོན་རྟེན་གཞི་བསྐྲུན་ཆེད་ང་ཚོས་སྔ་ཙམ་ནས་འཆར་འགོད་དང་སྔ་ཙམ་ནས་གྲ་སྒྲིག་བྱས་ཏེ། རྟེན་གཞི་དེ་རྨོ་འདེབས་ཆ་རྐྱེན་དང་ས་བབ་ཆ་རྐྱེན་ཡག་ཤོས་ཀྱི་འབྲུ་མཛོད་རྟེན་གཞི་ཡིན་པའི་ལྷོ་པ་ཤང་དུ་བསྐྲུན་རྒྱུ་གཏན་འཁེལ་བྱས་པ་ཡིན། ‘སོན་བཟང་དང་། ཐབས་བཟང་། སྒྲིག་བཟང་། ས་བཟང་། འཕྲུལ་ཆས་བཟང་པོ’བཅས་ཀྱི་འདེབས་འཛུགས་བྱེད་སྟངས་སྤྱད་པ་བརྒྱུད། རྟེན་གཞི་བསྐྲུན་ཟིན་རྗེས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་300ལྷག་ཙམ་ཟིན་པར་བརྩོན་ལེན་བྱས་ནས་མིག་སྔའི་དཀར་མཛེས་ཁུལ་གྱི་ནས་ཐོན་ཚད་མཐོ་རུ་ཤུགས་ཆེན་གཏོང་རྒྱུ་རེད། མིག་སྔར། འདེབས་འཛུགས་དང་། ཞིང་ལུད། འཕྲུལ་ཆས། ལག་རྩལ་སྟོབས་ཤུགས་བཅས་ཚང་མ་གྲ་སྒྲིག་ཡག་པོ་བྱུང་ཡོད”ཅེས་བརྗོད། མུའུ་ཁྲིའི་ནས་ཀྱི་སོན་བཟང་གསོ་སྤེལ་དཔེ་སྟོན་རྟེན་གཞི་དེ་དཀར་མཛེས་རྫོང་ལྷོ་པ་ཤང་གི་སྲིད་འཛིན་གྲོང་ཚོ་3དང་འབྲེལ་བ་ཡོད་པ་དང་ཕན་པ་ཐོབ་མཁན་དུད་ཚང་130ལྷག་ཙམ་ཡོད། དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་85ཡོད་པ་རེད། རྟེན་གཞི་དེ་འཛུགས་སྐྲུན་བྱས་པ་དེས་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་ཆ་ལེགས་སུ་གཏོང་རྒྱུ་ཡིན་པ་མ་ཟད། གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་ཐུབ་ནས་མི་སེར་ཚོས་བོགས་ཞིང་གི་ཡོང་འབབ་ལོངས་སྤྱོད་ཐུབ་པ་མ་ཟད། ད་དུང་སྒོ་འགྲམ་དུ་གླ་པ་བྱས་ནས་སྔོན་ཐོན་གྱི་འདེབས་འཛུགས་ལག་རྩལ་སློབ་སྦྱོང་བྱེད་ཆོག་གི་ཡོད་པ་རེད། 
     “ས་ཞིང་འགན་གཙང་བླངས་རྗེས། མུའུ་གཅིག་ལ་འགན་གཙང་གྲོན་དངུལ་སྒོར་500རག་གི་ཡོད། ང་ཚོ་གླ་པར་སྐྱོད་ཀྱང་ཐག་རིང་དུ་འགྲོ་དགོས་ཀྱི་མེད། རྗེས་ཕྱོགས་འབྲུ་རིགས་ཀྱི་ཡོང་ཁུངས་ཡོད་པ་མ་ཟད། གླ་པར་སྐྱོད་པར་ད་དུང་དངུལ་གྱི་ཡོང་འབབ་ཡོད”ཅེས་ལྷོ་པ་གྲོང་ཚོ་གསུམ་པའི་གྲོང་དཔོན་ཤེས་རབ་ཆོས་འཕེལ་གྱིས་སེམས་འགུལ་ཆེན་པོ་ཐེབས་པའི་ངང་བཤད་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་རྫོང་གི་མུའུ་ཁྲིའི་ནས་ཀྱི་སོན་བཟང་གསོ་སྤེལ་དཔེ་སྟོན་རྟེན་གཞི་བསྐྲུན་རྗེས། ཐོན་སྐྱེད་བྱས་པའི་སོན་བཟང་རྒྱལ་ཡོངས་ཀྱི“ཞིང་ཆེན་ལྔའི་བོད་ཁུལ”དུ་བཙོངས་ནས་ནས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་ཤུགས་ཆེན་གཏོང་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་དཀར་མཛེས་གེ་སར་ནས་གླིང་ཁུལ་ལ་སྤུས་ལེགས་ཀྱི་ནས་ཀྱི་མ་བཅོས་རྒྱུ་ཆ་མཁོ་འདོན་བྱས་ནས་ས་གནས་དེ་གའི་མང་ཚོགས་ལ་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་ལམ་གསར་པ་ཞིག་གཏོད་རྒྱུ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1