བོད་རང་སྐྱོང་ལྗོངས་ཀྱིས་སླར་ཡང་ཧུའུ་པེར་གཏེར་ཆུ་ཏུན་2000རོགས་སྐྱོར་བྱས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 04-04



           ཟླ་4ཚེས་2ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཀྱིས་སླར་ཡང་ཧུའུ་པེར་རོགས་སྐྱོར་བྱེད་པའི་གཏེར་ཆུ་ཏུན་2000བླུགས་པའི་མེ་འཁོར་ལྷ་སའི་མེ་འཁོར་བབས་ཚུགས་ནས་ཐོན་ཞིང་། གཏེར་ཆུ་འདི་དག་ལ་ཁྱོན་སྒོར་ཁྲི་478.87གནས་ཀྱི་ཡོད་པ་རེད།

           རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་འཛད་སྤྱོད་ཐོན་རྫས་བཟོ་ལས་ཁྲུའི་ཁྲུའུ་ཀྲང་ཉི་མ་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་དོན། གཏེར་ཆུ་ཏུན་དེ་དག་ནང་ནས་ཅིང་ཀྲོའུ་གྲོང་ཁྱེར་ལ་ཏུན་900དང་། ཨེན་ཧྲི་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ལ་ཏུན་1000 ཆུ་བེད་པུའུ་འབྲི་ཆུ་ཆུ་བེད་ཨུ་ལྷན་ལ་ཏུན་100བཅས་ཞལ་འདེབས་རྒྱག་རྒྱུ་རེད། འདི་ལོའི་ཟླ་2པ་ནས་བཟུང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཅིག་གྱུར་བཀོད་སྒྲིག་བྱས་ནས་རང་ངོས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག་ནུས་པས་ལྕོགས་ཚོད་ཀྱིས་ཧུའུ་པེའི་མི་དམངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་རྒྱབ་སྐྱོར་བྱས་ཡོད། མིག་སྔའི་བར་རིམ་རྩིས་བྱས་ན་ཧུའུ་པེ་ཞིང་ཆེན་ལ་སྒོར་ཁྲི་4374.75རི་བའི་རིགས་མི་འདྲ་བའི་འཚོ་བའི་དངོས་ཟོག་ཞལ་འདེབས་བརྒྱབ་ཡོད། 

           མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ལྷ་སའི་ནུབ་ཚུགས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲང་ཝུའེ་ཏུང་གིས་གསར་འགོད་པར། ཟླ་4ཚེས་2ཉིན་བར་ལྷ་སའི་ནུབ་ཚུགས་ཀྱིས་སྔ་རྗེས་སུ་ཧུའུ་པེ་ཞིང་ཆེན་ལ་གཏེར་ཆུ་དང་། ཚགས་ཤ བོད་ཕག  སྔོ་ཚལ་སོགས་དངོས་ཟོག་ཏུན་12614དབོར་ཏེ་ཧུའུ་པེ་ཞིང་ཆེན་གྱི་འཚོ་བའི་དངོས་ཟོག་སྐྱེལ་འདྲེན་ཐད་འགན་ལེན་བྱས་ཡོད་ཅེས་བཤད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1