རྒྱལ་ཡོངས་ཀྱིས་མྱ་ངན་ཞུས།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-04




    ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཀྲུང་ནན་ཧའེ་ཧོའེ་རེན་ཐང་གི་མདུན་དུ་ཕེབས་ཏེ། མེ་ཏོག་དཀར་པོ་བཏགས་ནས་རྣམ་འགྱུར་བརྟན་ཞིང་གུས་སྟབས་ཀྱིས་བཞེངས། 
    སྔ་དྲོའི་ཆུ་ཚོད་10པར། མཁའ་ཟོན་ཉེན་བརྡ་གཏོང་འགོ་ཚུགས་པ་དང་ཞི་ཅིན་ཕིང་སོགས་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཁྲོད་ཚེ་སྲོག་བཏང་བའི་སྔོན་གཤེགས་དཔའ་བོ་དང་ཚེ་འདས་སྤུན་ཟླ་རྣམས་ལ་མྱ་ངན་སྐར་མ་གསུམ་ཞུས་པ་རེད།     
    ཧུའུ་པེ་ཝུའུ་ཧན་དང་རྒྱལ་ཡོངས་ས་གནས་ཁག་གི་མང་ཚོགས་ཀྱིས་མྱ་ངན་ཞུས་པ་རེད། རླངས་འཁོར་དང་མེ་འཁོར། གྲུ་གཟིངས། མཁའ་ཟོན་ཉེན་བརྡ་བཅས་དུས་གཅིག་ཏུ་གྲགས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1