སི་ཁྲོན་བོད་ཁུལ་གྱིས་མྱ་ངན་ཞུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-05



    རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཁྲོད་གཅེས་པའི་ཚེ་སྲོག་བཏང་བའི་སྔོན་གཤེགས་དཔའ་བོ་དང་ཚེ་འདས་སྤུན་ཟླ་རྣམས་ལ་མྱ་ངན་ཞུ་ཆེད།  ཁ་སང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་2020ལོའི་ཟླ་4པའི་ཚེས་4ཉིན་རྒྱལ་ཡོངས་རང་བཞིན་གྱི་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་དགོས་པའི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས།

    དེ་རིང་སྔ་དྲོ་ཆུ་ཚོད་10པའི་ཐོག །དཀར་མཛེས་ཁུལ་དང་རྔ་བ་ཁུལ་སོགས་བོད་ཁུལ་གྱི་ས་གནས་ཁག་དང་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་ཞིང་། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཁྲོད་གཅེས་པའི་ཚེ་སྲོག་བཏང་བའི་སྔོན་གཤེགས་དཔའ་བོ་དང་ཚེ་འདས་སྤུན་ཟླ་རྣམས་ལ་སེམས་གཏིང་ནས་མྱ་ངན་ཞུས།











དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1