གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༠༧ཉིན།

ཁྲོན་བོད་གཞུང་ལམ་དུ་གངས་རྡིབ་བྱུང་བ།

        ཉེ་ལམ་གནམ་གཤིས་ཇེ་འཁྱགས་སུ་ཕྱིན་པ་དང་བསྟུན་ནས་བོད་རང་སྐྱོང་ལྗོངས་ཀྱི་ཤར་ལྷོའི་རྒྱུད་ཀྱི་ས་ཆ་མང་པོར་ཁ་བ་བབས་ལ། ཚེས་3ཉིན་གྱི་ཆུ་ཚོད་17ཐོག ཁྲོན་བོད་གཞུང་ལམ་རྒྱུད་ཀྱི་སྤོ་བོ་རྫོང་ཁོངས་སུ་གངས་རྡིབ་བྱུང་ནས་གཞུང་ལམ་སྨི་60ལ་གངས་བསགས་ཐེབས་པས་རླངས་འཁོར་850ལྷག་གཞུང་ལམ་དུ་ཁེག་པ་རེད།
         གངས་རྡིབ་བྱུང་རྗེས། ལམ་དུམ་དེ་བདག་སྐྱོང་ཤར་གཏོང་གི་ལས་འགན་འཁུར་མཁན་དྲག་ཆས་ཉེན་རྟོག་དཔུང་སྡེ་ག་གེ་མོའི་འགྲིམ་འགྲུལ་ཉིང་ལག་རུ་ཁག་གསུམ་པས་འཕྲལ་མར་མྱུར་སྐྱོབ་སྔོན་ཇུས་ལག་བསྟར་བྱས་པ་དང་། མྱུར་སྐྱོབ་མི་སྣ་རྐོ་འདྲུ་འཕྲུལ་འཁོར་དང་འདོན་འཇུག་འཕྲུལ་འཁོར་དང་བཅས་གཡུ་ཕུ་ཤང་དང་ར་འོག་གྲོང་རྡལ་གྱི་ཕྱོགས་གཉིས་ནས་གནོད་འཚེ་ཐོན་ཡུལ་དུ་བསྐྱོད།

         ཉིན་དེའི་ཆུ་ཚོད་19དང་སྐར་མ་50ཡི་ཐོག གཞུང་ལམ་སླར་གསོ་བྱུང་ལ། མྱུར་སྐྱོབ་དཔོན་དམག་གི་བཀོད་འདོམས་འོག་ཕྱོགས་གཉིས་སུ་ཁེགས་པའི་རླངས་འཁོར་850ལྷག་གོ་རིམ་ལྡན་པའི་ངང་ཤར་གཏོང་ཐུབ་ཡོད།


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1