དབྱིན་ཇིའི་དབུ་བཞུགས་བློན་ཆེན་གཡོད་ཧན་ཤུན་ནད་ལྕི་ལྟ་སྐྱོང་ཁང་དུ་བསྒྱུར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-08


     ཟླ་4ཚེས་6ཉིན། ཚེས་6ཉིན་དགོང་མོ་དབྱིན་ཇིའི་དབུགས་བཞུགས་བློན་ཆེན་གྱི་ནད་གཞི་ཇེ་སྡུག་ཏུ་སོང་བས། ནད་ལྕི་ལྟ་སྐྱོང་ཁང་དུ་སྨན་བཅོས་བྱེད་པར་སྒྱུར་བ་རེད། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ལས་ཤག་གི་མགྲིན་ཚབ་པས། མིག་སྔར་གཡོད་ཧན་ཤུན་གྱི་ཚོར་བ་གསལ་པོ་ཡོད། ཁོང་ནད་ལྕི་ལྟ་སྐྱོང་ཁང་དུ་སྒྱུར་བ་ནི་སྔོན་འགོག་རང་བཞིན་གྱི་བྱ་ཐབས་ཤིག་ཡིན་ཞེས་བརྗོད་པ་རེད། མགྲིན་ཚབ་པས། གཡོད་ཧན་ཤུན་གྱིས་ནད་ལྕི་ལྟ་སྐྱོང་ཁང་དུ་མ་སྒྱུར་གོང་ནས་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ལཱ་པུའུ་ཡིས་ཁོང་གི་ཚབ་བྱས་ནས་འབྲེལ་ཡོད་ལས་དོན་སྒྲུབ་རྒྱུ་བཀོད་སྒྲིག་བྱས་ཡོད་ཅེས་བརྗོད་པ་རེད།
    ལ་པུའུ་ཡིས་ཉིན་དེར། དབྱིན་ཇི་སྲིད་གཞུང་གིས་སྔར་ན་མེད་པའི་བྱ་སྤྱོད་སྤེལ་བཞིན་ཡོད་པ་སྟེ། རྒྱལ་ཡོངས་ཀྱི་སྨན་བཅོས་ཁོངས་གཏོགས་ཀྱིས་རིམས་ནད་ལ་ཁ་གཏད་གཅོག་པའི་ནུས་པ་ཤུགས་ཆེར་གཏོང་རྒྱུ་དང་། རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། མཁའ་འགྲུལ་ཀུང་སི་དང་མཉམ་ལས་བྱས་ནས། རིམས་ནད་ཀྱིས་དཀའ་ངལ་བཟོས་པའི་ཕྱི་རྒྱལ་དུ་ཡོད་པའི་དབྱིན་ཇིའི་སྤྱི་དམངས་སྔར་ལས་མང་བ་རྒྱལ་ནང་དུ་བསུ་ཐུབ་རྒྱུའི་རེ་བ་བྱེད་པ་བརྗོད་ཡོད། དབྱིན་ཇིའི་འཕྲོད་བསྟེན་པུས་ཚེས་6ཉིན་སྤེལ་བའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་གྲངས་གཞི་ལས། དབྱིན་ཇིར་རིམ་བརྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་51608ཡོད་པ་དང་། ཉིན་སྔོན་མ་དང་བསྡུར་ན་ནད་དཔེ་3802མང་དུ་ཕྱིན་ཡོད་པ་དང་། གྲོངས་པའི་ནད་དཔེ་5373བར་མང་དུ་ཕྱིན་ཡོད་པ་མངོན་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1