བོད་ལྗོངས་རྫ་ཡུལ་དུ་དཔྱིད་ཀྱི་ཇ་ལོ་དང་པོ་འཐོག་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-08


     2018ལོར་ས་གནས་དེ་གས་ཇ་ཤིང་འདེབས་འགོ་ཚུགས་ཤིང་། དེ་སྔ་ཇ་འདེབས་མྱོང་མེད་པའི་གྲོང་མི་ཚོ་ཇ་འདེབས་མཁན་དུ་གྱུར་བ་རེད། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གིས་ཐུན་མོང་མ་ཡིན་པའི་གནམ་གཤིས་དང་ས་ཁམས་ཀྱི་མཐུན་རྐྱེན་ལ་བརྟེན་ནས་2018ལོ་ནས་བཟུང་ཇའི་ཐོན་ལས་དར་སྤེལ་ཤུགས་ཆེན་བཏང་བ་རེད། མིག་སྔར་རྫ་ཡུལ་རྫོང་གི་ཇ་ལོ་འདེབས་ཁྱོན་མུའུ་ཁྲི་1.2ཙམ་ཟིན་ཡོད། ཟླ་4ཚེས་5ཉིན་རྫ་ཡུལ་རྫོང་གིས་ཇ་ལོ་འདེབས་འཛུགས་དར་སྤེལ་བཏང་ཚུན་གྱི་དཔྱིད་ཇ་ཁག་དང་པོ་འཐོག་འགོ་ཚུགས་ཤིང་། ཇ་ལོ་ནི་ས་གནས་དེ་གའི་གྲོང་མི་ཕྱུག་འགྱུར་འབབ་འཕར་གྱི་ཐོན་ལས་གསར་པར་གྱུར་ཡོད། 






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1