ཡུལ་སྐོར་དང་ཐོན་ལས་མཉམ་དུ་འཕེལ་རྒྱས་སུ་གཏོང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-08


        ཟླ་གསུམ་པའི་སི་ཁྲོན་བོད་ཁུལ་གྱི་ནམ་མཁའ་གཡའ་དག་ཅིང་རབ་དཀར་ཁ་བས་བརྒྱན་པའི་རི་བོ་དག་ཉི་འོད་ཀྱི་འོག་ན་ཀྲོང་ངེར་འགྱིང་། རྒྱལ་ལམ་318འགྲམ་དུ་བསྟར་ཕྲེང་སྒྲིག་པའི་མགོ་བཏགས་སྨད་པ་གྲོང་ཚོའི་སྡོད་ཁང་དག་གིས་ཡུལ་སྐོར་བའི་དང་བ་དབང་མེད་དུ་དྲངས། ཏོག་གསར་གློ་ཚད་རིམས་ནད་ཀྱི་རྐྱེན་གྱིས་མགོ་བཏགས་སྨད་པ་གྲོང་ཚོའི་ཡུལ་སྐོར་ལས་རིགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ནའང་། དམངས་ཚོགས་ཚོས་སེམས་ཁུར་བྱེད་བཞིན་མི་འདུག ལོ་ངོ་ལྔའི་རིང་ལ་དབུལ་ཕོངས་རྫོང་འདིས་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་ས་གནས་རང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་དར་སྤེལ་དུ་བཏང་བས་དམངས་ཚོགས་ཀྱི་འཚོ་བ་འཕེལ་རྒྱས་ཆེན་པོ་ཕྱིན། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1