ལྷ་སའི་སྤྱི་གླིང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 04-13




འདི་ནི་ནོར་བུ་གླིང་གར་བཞད་པའི་མེ་ཏོག་ཡིན་པ།

འདི་ནི་རྫོང་རྒྱབ་ཀླུ་ཁང་དུ་རྩེད་འཇོར་རོལ་བཞིན་པའི་ཕྲུ་གུ་ཡིན་པ།

འདི་ནི་རྫོང་རྒྱབ་ཀླུ་ཁང་དུ་འཆམ་འཆམ་འགྲོ་བཞིན་པའི་བགྲེས་སོང་ཡིན་པ།

འདི་ནི་སེ་ར་ལམ་གྱི་ཆུ་ཐོག་སྤྱི་གླིང་དུ་ཕྲུ་གུ་ཚོ་རྩེད་འཇོར་རོལ་བཞིན་པ།

འདི་ནི་གྲོང་མིས་ལྷོ་རིའི་སྤྱི་གླིང་ནས་པར་རྒྱག་བཞིན་པ།

འདི་ནི་ལྕགས་པོ་རིའི་སྤྱི་གླིང་དུ་ཤུད་པང་རྩེ་བཞིན་པའི་སློབ་མ་ཡིན་པ།

འདི་ནི་རྫོང་རྒྱབ་ཀླུ་ཁང་དུ་གྲོང་མིས་དཔྱིད་ཀྱི་མཛེས་ལྗོངས་པར་ལེན་བཞིན་པ།

འདི་ནི་གནམ་གྲུ་ནས་པར་བླངས་པའི་ལྷ་ཀླུ་འདམ་རའི་མཛེས་ལྗོངས་ཡིན་པ།

འདི་ནི་ནོར་བུ་གླིང་གར་བཞད་པའི་ཁམ་བུའི་མེ་ཏོག་ཡིན་པ།
       རྫོང་རྒྱབ་ཀླུ་ཁང་ཚབ་མཚོན་དུ་བྱས་པའི་ཉིན་ལྟར་མི་སྟོང་ཕྲག་ཟིན་པའི“ཞབས་བྲོའི་འདུ་འཛོམས”དེ་ལྷ་སའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་ལ་གྱུར་ཡོད། དེ་ནི་མི་རྣམས་ལུས་སེམས་ལྷོད་ལ་འབེབས་པའི་དུས་སྐབས་བཟང་པོ་ཞིག་ཡིན་ལ། རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བས་བོད་མི་དམངས་ཀྱི་བསམ་པའི་ཉམས་འགྱུར་མཐོང་ཐུབ་པའི་གར་སྟེགས་ཡག་ཤོས་ཤིག་ཀྱང་རེད།
       “ཐོག་མེད་གར་སྟེགས”ནི་ལྷ་སའི་སྤྱི་གླིང་ཆེ་གྲས་ཁག་གི་ཐུན་མོང་གི་ཁྱད་ཆོས་ཤིག་ཡིན་པ་ཕུད། སྤྱི་གླིང་ཕལ་ཆེ་བར་ད་དུང“བརྗོད་དོན་གཙོ་བོའི་སྤྱི་གླིང”ཞེས་མིང་ཡང་བཏགས་ཡོད་པ་དཔེར་ན། རྫོང་རྒྱབ་ཀླུ་ཁང་བདེ་ཐང་གི་བརྗོད་དོན་གཙོ་བོའི་སྤྱི་གླིང་དང་། ལྕགས་པོ་རི་ཁྲིམས་སྐྱོང་གི་བརྗོད་དོན་གཙོ་བོའི་སྤྱི་གླིང་། དེ་བཞིན་གཙང་འགྲམ་ཆུ་གཅེས་ཀྱི་བརྗོད་དོན་གཙོ་བོའི་སྤྱི་གླིང་སོགས་ཚང་མར་རང་རང་གི་ཁྱད་ཆོས་རེ་ལྡན།
       རྫོང་རྒྱབ་ཀླུ་ཁང་ནི་མེ་ཏོག་ལ་ལྟ་བ་དང་། ཕོ་བྲང་པོ་ཏ་ལའི་བརྗིད་ཉམས་ལ་རོལ་བ། གྲུ་གཟིངས་གཏོང་བ། ཆུ་བྱར་ལྟ་བ་སོགས་མི་རྣམས་རྩེད་དགར་རོལ་ས་ཡག་པོ་ཞིག་ཡིན་པ་ཕུད། ད་དུང་བོད་ཀྱི་བདེ་ཐང་གི་བརྗོད་དོན་གཙོ་བོའི་སྤྱི་གླིང་དང་པོའང་རེད།
       ལྷ་ས་སྐྱིད་ཆུའི་ངོགས་ཀྱི་ཆུ་ཐོག་སྤྱི་གླིང་དང་ལྷ་ས་གྲོང་ཁྱེར་གྱི་སྣོད་བཅུད་ལས་གྲྭ་འཛུགས་སྐྲུན་གལ་ཆེན་གྲས་ལ་ཚུད་པའི“གཙང་པོ་མཚོ་མོར་འགྱུར་བའི”རྣམ་གྲངས་ལ་གྲུབ་འབྲས་བཟང་པོ་ཐོབ་ཅིང་། གཙང་འགྲམ་སྤྱི་གླིང་གི་ཆུ་གཅེས་མིས་བཟོས་མཚེའུ་ལ་སྨི་ངོས་གྲུ་4000ལྷག་ཙམ་ཟིན་པ་དང་། ཤིན་ཏུ་ཆེ་བའི་མེ་ཏོག་པད་མའི་བརྐོས་བརྙན་དག་གློག་སྒྲོན་གྱི་བཀྲགས་མདངས་ཁྲོད་མི་སེམས་མྱོས་པའི་ངོ་མཚར་དཔལ་ལ་འཁུ། ལྗོངས་གཟིགས་གྲུ་གཟིངས་ནས་ཡུལ་སྐོར་བས་ལྷ་ས་སྐྱིད་ཆུའི་ཡུལ་ལྗོངས་ཧྲིལ་པོར་མྱོང་རོལ་བྱེད་ཐུབ།
       དེ་བས་ཀྱང་སྐྱིད་སྣང་དོད་པའི་སྤྱི་གླིང་གོང་དུ་བརྗོད་པ་དེ་དག་ཙམ་མིན་པར། ལྷ་སར་ད་དུང་ནོར་བུ་གླིང་ག་དང་། ཀྲུང་གོ་ཁྲལ་དོན་ནགས་ཚལ་སྤྱི་གླིང་། ཆུ་མིག་ལམ་སྤྱི་གླིང་། ཚེས་གསུམ་ཐང་སྤྱི་གླིང་། སྐལ་བཟང་མེ་ཏོག་སྤྱི་གླིང་། ལྷོ་རིའི་སྤྱི་གླིང་སོགས་སྤྱི་གླིང་ཆེ་ཆུང་མི་འདྲ་བ་30ལྷག་ཙམ་ཡོད་པ་དེ་དག་ལས་མི་རྣམས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། ལྷ་སའི་སྡོད་མལ་ཁོར་ཡུག་ལ་འདེགས་སྐྱོར་དང་གྲོང་མི་རྣམས་ལ་སྤྱི་ཚོགས་དང་འབྲེལ་འདྲིས་བྱ་ཡུལ་ཡག་པོ་ཞིག་མཁོ་འདོན་བྱས་ཡོད།
       མཛེས་སྡུག་ལྷག་པར་ལྡན་ལ་སྒྲིག་བཀོད་ཆ་ཚང་བའི་གྲོང་ཁྱེར་གྱི་སྤྱི་གླིང་རེ་རེས་གྲོང་མི་དང་ཡུལ་སྐོར་བར་ངལ་གསོ་བྱ་ཡུལ་མཁོ་འདོན་བྱས་ལ། གཙང་འགྲམ་སྤྱི་གླིང་གི་ཡུལ་ལྗོངས་དེ་བས་མི་སེམས་དགའ་བ་ཞིག་ཡོད་ཅིང་། གྲོང་མི་ཚོས་ཁང་པའི་སྒེའུ་ཁུང་ཕྱེ་མ་ཐག་མཛེས་རིས་ལྟར་བཀྲ་བའི་ཡུལ་ལྗོངས་དག་མིག་ལམ་དུ་གསལ་ལེར་འཆར་ཐུབ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1