དབྱིན་ཇིའི་དབུ་བཞུགས་བློན་ཆེན་སྨན་ཁང་ནས་ཐོན་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-14


    ཟླ་4ཚེས་12ཉིན། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁང་གི་མགྲིན་ཚབ་པས་བཤད་དོན། དབུ་བཞུགས་བློན་ཆེན་ཇོང་སེན་སྨན་ཁང་ནས་ཐོན་ཟིན་ཡོད། ཡིན་ནའང་ད་དུང་མུ་མཐུད་ཁམས་གསོ་དགོས་པས། མིག་སྔར། མགྱོགས་པོར་བློན་ཆེན་ཁང་དུ་ལོག་ནས་ལས་དོན་བསྒྲུབ་རྒྱུ་མ་རེད།
    མགྲིན་ཚབ་པས་བསྟན་དོན། སྨན་བཅོས་རུ་ཁག་གི་བསམ་འཆར་ལ་གཞིགས་ནས། ཇོང་སེན་གྱིས་དབུ་བཞུགས་བློན་ཆེན་གྲོང་གསེབ་གཞིས་ཀ་སྟེ་ཆེ་ཁེ་སི་གཞིས་ཀ་རུ་ཁམས་གསོ་རྒྱུ་རེད། 
    ཏོག་གསར་གློ་ཚད་ནད་དཔེ་གཏན་འཁེལ་བྱས་པའི་ཇོང་སེན་ནི་ཚེས་5ཉིན་གྱི་དགོང་མོར་སྨན་ཁང་དུ་བསྡད་པ་དང་། ཚེས་6ཉིན་ནད་གཞི་ཚབས་ཆེན་སོང་ནས་ནད་ལྕི་བའི་ལྟ་སྐྱོང་ཁང་དུ་བསྒྱུར་ནས་སྨན་བཅོས་བྱས་པ་རེད། མིག་སྔར། དབྱིན་ཇིའི་ཕྱི་འབྲེལ་པུའུ་ཡི་བློན་ཆེན་ལ་པུའུ་ཡིས་ཇོང་སེན་གྱི་ཚབ་ཞུས་ནས་འབྲེལ་ཡོད་ལས་དོན་ཐག་གཅོད་བྱེད་ཀྱི་ཡོད་པ་རེད། 
    དབྱིན་ཇིའི་འཕྲོད་བསྟེན་པུའུ་ཡིས་ཚེས་11ཉིན་སྤེལ་བའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་གཞི་གྲངས་གསར་པ་ལས་མངོན་གསལ། རྒྱལ་ཁབ་དེར་རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་78991བྱུང་བ་དང་། རིམ་རྩིས་བྱས་ནས་ཚེ་འདས་ནད་དཔེ་9875ཟིན་ཡོད་ཅིང་། སྔར་ཉིན་སྲིད་གཞུང་གིས་སྤེལ་བའི་གྲངས་ཀ་དང་བསྡུར་ན་ནད་དཔེ་917གསར་དུ་འཕར་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1