ཐེ་རོམ་ཕུ་ཡིས་ཨ་རིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཚོགས་དངུལ་སྤྲོད་རྒྱུ་མཚམས་འཇོག་རྒྱུ་ཡིན་པ་བསྒྲགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-15



    ཟླ་4ཚེས་14ཉིན། ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་ཡིས་ཁྱབ་བསྒྲགས་བྱས་དོན། ཨ་རིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཚོགས་དངུལ་སྤྲོད་རྒྱུ་མཚམས་འཇོག་རྒྱུ་ཡིན་པ་བསྒྲགས།
    ཐེ་རོམ་ཕུ་ཡིས་ཉིན་དེའི་དགོང་མོར་ཕོ་བྲང་དཀར་པོའི་གསར་འགོད་པའི་ཚོགས་འདུའི་ཐོག་ནས་ཐག་གཅོད་འདི་ཁྱབ་བསྒྲགས་བྱས། ཁོང་གིས། ཨ་རིས་ལོ་རེར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཚོགས་དངུལ་ཨ་སྒོར་དུང་ཕྱུར་4ལས་བརྒལ་བ་སྤྲོད་བཞིན་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རོགས་སྐྱོར་བྱེད་མཁན་གཙོ་བོ་ཡིན་པའི་ངོས་ནས། ཨ་རིར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིམས་ནད་ཁྲོད་ཀྱི་བྱ་སྤྱོད་ལ་འགན་འཁྲི་རྩད་གཅོད་བྱེད་པའི་འོས་འགན་ཡོད་ཅེས་བརྗོད། 
    ཨ་རི་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་འགན་འཁྲི་རྩད་གཅོད་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཚོགས་དངུལ་སྤྲོད་རྒྱུ་མཚམས་འཇོག་རྒྱུ་བརྗོད་པའི་བསྒྲགས་གཏམ་ལ་དམིགས་ནས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་དེ་སའེ་ཡིས་ཏོག་དབྱིབས་ནད་དུག་འདི་ཆབ་སྲིད་ཀྱི་ལག་ཆ་མི་བྱེད་པར། རྒྱལ་ཁབ་ནང་ཁོངས་དང་རྒྱལ་ཁབ་སོ་སོའི་བར་མཐུན་སྒྲིལ་ཤུགས་སྣོན་བརྒྱབ་ནས། ཐུན་མོང་ངང་རིམས་ནད་འགོག་དགོས་པའི་འབོད་སྐུལ་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1