ཐོན་ལས་དབུལ་སྐྱོར་གྱིས་གདོང་མཆོང་བྱེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-17


ད་ལོར་དཀར་མཛེས་ཁུལ་གྱིས་ཞིང་ལས་ཐོན་ལས་དབུལ་སྐྱོར་གྱི་ཆེད་དོན་འཆར་གཞིར་མ་དངུལ་སྒོར་ཁྲི་41129ལྷག་ཙམ་བཀོད་སྒྲིག་བྱས་པ། 


 
     ཟླ་4ཚེས་14ཉིན་གསར་འགོད་པས་དཀར་མཛེས་ཁུལ་ཞིང་འབྲོག་གྲོང་གསེབ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཏོག་གསར་གློ་ཚད་རིམས་ནད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་བཟོས་པའི་ཤུགས་རྐྱེན་ཆུང་དུ་གཏོང་བ་དང་རིམས་ནད་ཀྱིས་བཟོས་པའི་གྱོང་གུན་ཁ་གསབ་བྱ་ཆེད། ད་ལོར་དཀར་མཛེས་ཁུལ་གྱིས་ཞིང་ལས་ཐོན་ལས་དབུལ་སྐྱོར་གྱི་ཆེད་དོན་འཆར་གཞིར་མ་དངུལ་སྒོར་ཁྲི་41129.74བཀོད་སྒྲིག་བྱས་པ་མ་ཟད། ཁེ་ལས་ཀྱི་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་ལ་སྐུལ་འདེད་གཏོང་བ་དང་། དཔྱིད་རྨོད་དང་རྨོད་གྲབས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། སྒོ་ཕྱུགས་དང་ཁྱིམ་བྱའི་རྟེན་གཞི་དང་ཞིང་ལས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཕྱོགས་བཞི་ནས་གཙོ་བོ་ཤུགས་བརྒྱབ་སྟེ་ཐོན་ལས་དབུལ་སྐྱོར་དང་དེང་རབས་ཞིང་ལས་ཀྱི“10+2”ཐོན་ལས་མ་ལག་བསྐྲུན་རྒྱུ་ཟུང་འབྲེལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ཡག་པོ་བྱས་ཏེ་མིག་མཐོང་ལག་ཟིན་དང་ཕན་འབྲས་ལྡན་པའི་རྣམ་གྲངས་ཁག་གཅིག་བཏོད་དེ་མང་ཚོགས་དབུལ་པོ་རྒྱུན་མཐུད་དང་བརྟན་པོའི་ངང་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། 
     རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས་དཀར་མཛེས་ཁུལ་གྱི་དུས་ཚིགས་དང་པོའི་ཐོན་ལས་དབུལ་སྐྱོར་གྱི་ལས་དོན་ཁག་ལ་ཤུགས་རྐྱེན་ངེས་ཅན་ཐེབས་པ་དང་ལྷག་པར་དུ་ཞིང་འབྲེལ་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་། ཞིང་ལས་གླིང་གི་འཛུགས་སྐྲུན། ཞིང་ལས་རྣམ་གྲངས་ཀྱི་སྐུལ་འདེད་བཅས་ལ་ཤུགས་རྐྱེན་ཐེབས་པ་རེད། ཞིང་ཆེན་དང་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གཞུང་དོན་ཁང་གི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ད་ལོའི་ཐོན་ལས་དབུལ་སྐྱོར་གྱི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བའི་འགན་ལེན་བྱ་ཆེད། ཁུལ་ཞིང་འབྲོག་གྲོང་གསེབ་ཅུས་ཀྱིས་དེ་སྔོན་བཟོས་པའི《དཀར་མཛེས་ཁུལ་གྱི་ཞིང་ལས་ཐོན་ལས་དབུལ་སྐྱོར་ཆེད་དོན་གྱི་2020ལོའི་ལོ་འཁོར་གྱི་ལག་བསྟར་ཇུས་གཞི》གཞིར་བཟུང་། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་དང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ལ་དམིགས་ནས་ཐོན་ལས་དབུལ་སྐྱོར་གྱི་དམིགས་ཚད་ཁག་18གཏན་འཁེལ་བྱས་པ་དང་། ད་ལོའི་ཐོན་ལས་དབུལ་སྐྱོར་གྱི་ལས་འགན་གཙོ་བོ་ནི་ཁྱད་ལྡན་ཞིང་ལས་རྟེན་གཞི་མུའུ་ཁྲི་2.1དང་ཕྱུགས་རིགས་དང་ཁྱིམ་བྱ་གསོ་ཚགས་རྟེན་གཞི་20གསར་སྐྲུན་གང་མགྱོགས་སུ་བྱ་རྒྱུ་དང་། ཞིང་ལས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན་བྱེད་པའི་སྒྲིག་བཀོད་38གསར་སྐྲུན་བྱ་རྒྱུ། མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་6གསར་སྐྲུན་བྱ་རྒྱུ་དང་དེང་རབས་ཞིང་ལས་གླིང་ཁུལ་9བསྐྲུན་རྒྱུ། ཞིང་པའི་མཉམ་ལས་ཁང་གི་ཞིང་ཆེན་རིམ་པའི་དཔེ་སྟོན་ཁང་7བསྐྲུན་རྒྱུ་དང་ཁྱིམ་ཚང་གི་ཞིང་ར་4སྐྱེད་སྲིང་བྱ་རྒྱུ། ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་1དང་སྤུས་ལེགས་ཞིང་ལས་ཐོན་རྫས་སྤུས་རྟགས་3འདོན་རྒྱུ། ནུས་ལྡན་དུས་བཅད་ནང་གི“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་ཐོན་རྫས་བསྡོམས་འབོར་84ཟིན་ཐབས་བྱ་རྒྱུ་དང་། འགྲེམས་ཚོགས་ཐོག་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས་180ཁྱབ་གདལ་གཏོང་རྒྱུ། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་15.5དང་ཞིང་ཆུ་འཐེན་འདྲེན་ས་ཚིགས་1གསར་སྐྲུན་བྱ་རྒྱུ་དང་། ཞིང་འཕྲུལ་གྱི་སྤྱིའི་སྒུལ་ཤུགས་ཆན་ཝ་ཁྲི་0.5མང་དུ་གཏོང་རྒྱུ་དང་། འཁོར་སྐྱོད་ལམ་སྲོལ་སྐྱེད་སྲིང་བྱས་ནས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་150འཐུས་སྒོ་ཚང་དུ་གཏོང་རྒྱུ། ཚན་རྩལ་དཔེ་སྟོན་རྟེན་གཞི་30བསྐྲུན་ནས་བྱང་ཚད་མཐོ་བའི་ཞིང་པ་3042གསོ་སྐྱོང་བྱས་ཏེ་ཐོན་ལས་ལ་བརྟེན་ནས་མི་1210དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ཡིན་པ་གཏན་འཁེལ་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1