གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༡༧ཉིན།

༄༅།།ཤེས་བྱ་དྲིས་བརྒྱ་བ་ལས་མི་ལུས་ཀྱི་གསང་བའི་སྐོར།

རྣ་བར་ཇི་ལྟར་སྲུང་སྐྱོབ་བྱེད་དགོས།
        རྣ་ས་ལེན་དུས་སེམས་ཆུང་བྱེད་དགོས་ཏེ་རྩེ་མོ་རྣོ་བའི་ལག་ཆའི་རིགས་བཀོལ་མི་རུང་། རྣ་ནང་དུ་ཆུ་སོགས་མི་གཙང་བ་འགྲོ་རུ་མི་འཇུག་པར་རྣ་ནད་འབྱུང་བར་སྔོན་འགོག་བྱེད་དགོས། སྒྲ་དྲག་པོ་གྲགས་དུས་རྣ་ཁ་གཅོད་པ་དང་ཁ་གདངས་ན་ལེགས། རྣ་བ་ན་ཚེ་སྨན་པར་སྟོན་པ་ལས་སྨན་གང་འདོད་དུ་འཐུང་མི་རུང་།

མིས་སྣ་སྦྲིད་རྒྱགདོན་ཅི་ཡིན།
        སྣ་སྦྲིད་རྒྱག་པ་ནི་མིའི་ཁྲག་རྩའི་ནང་གི་དབྱང་གཉིས་ཐཱན་འགྱུར་གྱིས་ཀླད་པའི་ནང་གི་དབུགས་འབྱིན་རྔུབ་མ་ལག་ལ་ཕོག་ཐུག་བཏང་བར་བརྟེན་ནས་བྱུང་བའི་ལུས་ཁམས་ཀྱི་སྣང་ཚུལ་ཞིག་རེད།

མིའི་ལྕེ་ཡིས་བྲོ་བ་གང་དག་ཤེས་ཐུབ།

        མིའི་ལྕེ་ཡིས་མངར་བ་དང་སྐྱུར་བ། ཁ་བ་དང་ལན་ཚྭ་བ་བཅས་རྩ་བའི་བྲོ་བ་བཞིའི་དབྱེ་བ་འབྱེད་ཐུབ། ལྕེ་རྩེ་དང་ལྕེ་རྟིང་། ལྕེ་འགྲམ་གཉིས་ཀྱིས་མངར་བ་དང་ཁ་བ། སྐྱུར་བའི་བྲོ་བ་ཚོར་བ་དང་། ལྕེ་རྩེ་དང་ལྕེ་འགྲམ་གཉིས་ཀྱིས་ལན་ཚྭའི་བྲོ་བ་ཚོར་ཐུབ།
ཟས་སྐྱུར་བོས་མི་ལ་ཁ་ཆུ་བཞུར་དུ་འཇུག་པའི་རྒྱུ་མཚན་ཅི།
        མིའི་ཁ་ནང་ན་རྒྱུན་པར་ཁ་ཆུ་ཉུང་ངུ་ཞིག་གིས་བརླན་འདུག ཟས་སྐྱུར་མོ་མཐོང་ཚེ་ཁ་ཆུ་བཞུར་ཚད་ཅུང་མང་བ་རེད། མཁས་པས་བཤད་ན་དེ་ནི་སྐྱུར་དྲི་སྙོམས་པར་གཏོང་བ་དང་མིད་བདེ་བའི་ཆེད་དུ་ཡིན་ཟེར།

ཉིན་གཅིག་ལ་དུས་ཚོད་ཅི་ཙམ་གཉིད་ན་བཟང་།

        སྤྱིར་ཡིན་ན་ལོ་ཆུང་བྱིས་པ་དུས་ཚོད9ནས་དུས་ཚོད9ཡི་ཡན་ལ་གཉིད་དགོས་པ་དང་། མི་དར་མ་དུས་ཚོད6ནས་དུས་ཚོད9ཡི་རིང་ལ་གཉིད་ན་ཆོག

ཞོགས་པར་དཔེ་ཆ་བློར་ཟིན་སླ་བའི་རྒྱུ་མཚན་ཅི།

        ཞོགས་པར་ལུས་སེམས་ཀྱི་ངལ་དུབ་སངས་ཡོད་པས། ལུས་ཀྱི་དབང་རྩའི་ཕྲ་ཕུང་ལ་གསོན་ཤུགས་རྒྱས་ཤིང་ཤིན་ཏུ་གསལ་བས་དཔེ་ཆ་བློ་སྐྱོར་བྱས་ན་བློ་ངོར་མང་པོ་ཟིན་པ་རེད།

རྒྱང་སྒྲིབ་མིག་ནད་ཇི་ལྟར་བྱུང་བ་ཡིན།
        རྒྱུན་དུ་དཔེ་ཆར་ལྟ་བའམ་བརྙན་འཕྲིན་ལ་ལྟ་སྐབས་བར་ཐག་ཧ་ཅང་ཉེ་མི་རུང་ལ་མཐོ་དམའ་ཡང་རན་པ་ཞིག་ཡིན་དགོས་པར་མ་ཟད། དུས་ཚོད་གཅིག་གི་ཡན་ལ་བལྟ་མི་རུང་།འོད་མི་གསལ་ས་དང་མལ་དུ་ལོག་སྟེ་དཔེ་ཆ་ལྟ་བ་སོགས་བྱས་ན་རྒྱང་སྒྲིབ་མིག་ནད་འབྱུང་བ་རེད།

 ལྗང་མདོག་མིག་ལ་ཕན་ཟེར་བའི་རྒྱུ་མཚན་ཅི།

        དེ་ནི་ཁ་དོག་གིས་འོད་སྣང་ལྡོག་འཕྲོ་བྱེད་པ་དང་མིའི་མིག་དབང་གཉིས་ལ་འབྲེལ་བ་དམ་པོ་ཡོད།མདོག་སྔོན་པོ་དང་ལྗང་གུས་འོད་སྣང་ལྡོག་འཕྲོ་བྱེད་ཚད་ཅུང་ཚད་དང་མཐུན་པས། མིའི་སེམས་ཁམས་ལ་བསིལ་སྣང་དང་བདེ་སྣང་སྦྱིན་པ་དང་། མིའི་ཀླད་པ་དང་སེམས་ཁམས་ལ་སྤྲོ་སྣང་སྟེར་ཐུབ་པས་སོ། །

       《ཤེས་བྱ་དྲིས་བརྒྱ་བ》ལས་བཏུས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1