སྡེ་དགེའི་པར་ཤིང་པར་འདེབས་རྟེན་རྫས་བཤམས་མཛོད་ཁང་གི་རྣམ་གྲངས་བདེ་བླག་ངང་ལས་འགོ་བསྐྱར་དུ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 04-20


        ས་རྐོ་བ་དང་ལུགས་རྒྱག་པ། ལུགས་ཕྱེ་བ། ཟླ་4ཚེས་11ཉིན་སྡེ་དགེ་རྫོང་དགོན་ཆེན་གྲོང་རྡལ་པར་ཁང་ཁྲོམ་ལམ་གྱི་“སྡེ་དགེའི་པར་ཤིང་པར་འདེབས་རྟེན་རྫས་བཤམས་མཛོད་ཁང་”གི་རྣམ་གྲངས་འཛུགས་སྐྲུན་ལས་ཡུལ་དུ་བྲེལ་བས་ཁེངས་ཡོད། དེས་ཟླ་3ཚེས་24ཉིན་བདེ་བླག་ངང་ལས་འགོ་ཚུགས་པ་ནས་བཟུང་རྣམ་གྲངས་དེ་གོ་རིམ་ལྡན་པར་སྤེལ་ཡོད་པ་མཚོན།

        རྣམ་གྲངས་དེ་བདེ་བླག་ངང་ལས་འགོ་ཚུགས་རྒྱུ་འགན་ལེན་བྱ་ཆེད། ཁམས་པའི་རིག་གནས་ཞིབ་འཇུག་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་ཞིང་ཆེན་དང་། ཁུལ། རྫོང་བཅས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་རྣམ་གྲངས་འཛུགས་སྐྲུན་ཕྱོགས་གཉིས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་སྒེར་གྱི་འགོག་སྲུང་བྱ་ཐབས་དང་ལུས་དྲོད་ཐོ་འགོད་དོན་འཁྱོལ་ནན་པོ་བྱེད་པ་དང་འབྲེལ་སྙན་སེང་གྲབས་འགོད་ཡང་ཞུས་ནས་ལས་དོན་དང་འཚོ་བ་སྐྱེལ་ཡུལ་དུ་རླུང་རྒྱུ་དུག་སེལ་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ལས་དོན་མི་སྣ་བདེ་འཇགས་དང་། གོ་རིམ་ལྡན་པ། བློ་བདེ་བཅས་ཀྱི་སྒོ་ནས་ཨར་ལས་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད། 

        ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེའི་ལས་གྲྭ་གཙོ་བོའི་འཛུགས་སྐྲུན་རྒྱ་ཁྱོན་ལ་ཁྱོན་སྨི་གྲུ་བཞི་མ18000ཡོད་པ་དང་། དེའི་ནང་གཙོ་བོ་ཁམས་པའི་རིག་གནས་ཞིབ་འཇུག་འགྲེམས་སྟོན་ལྟེ་གནས་དང་སྡེ་དགེ་རྫོང་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ལྟེ་གནས། དེ་བཞིན་སྡེ་དགེ་པར་ཁང་གི་པར་ཤིང་པར་འདེབས་ལག་རྩལ་སྲུང་སྐྱོང་བེད་སྤྱོད་ལྟེ་གནས་བཅས་ཚུད་ཡོད་པ་རེད། འཛུགས་སྐྲུན་འགྲུབ་རྗེས་དེང་རབས་ཀྱི་སྒྲ་དང་། འོད། གློག་སོགས་ཀྱི་ཐབས་སྤྱད་དེ་པར་ཁང་གི་ལོ་རྒྱུས་རྣམ་པ་སླར་གསོ་བྱས་ནས་མཉམ་འགུལ་ཉམས་ལེན་མཁོ་འདོན་བྱས་ཏེ། རྣམ་གྲངས་ལ་ཡག་ཐོག་ཡག་བརྩེགས་བྱས་ནས་ཁམས་པའི་རིག་གནས་འགྲེམས་སྟོན་འཁྲབ་སྟོན་དང་པར་ཤིང་པར་འདེབས་ལག་རྩལ་སྲུང་སྐྱོང་རྒྱུན་འཛིན་སོགས་ཀྱི་འགན་འཁྲི་ལྕི་པོ་འཁུར་རྒྱུ་མ་ཟད། མི་རྣམས་ལ་རྩ་ཆེའི་མི་རིགས་ཀྱི་རིག་གནས་ཐད་ཀར་ཤེས་རྟོགས་ཐུབ་རྒྱུར་རོགས་རམ་བྱས་ཏེ་གོམ་གང་མདུན་སྤོས་ཀྱིས་སྡེ་དགེ་པར་ཁང་ལ་སྲུང་སྐྱོང་དང་། པར་ཤིང་པར་འདེབས་ལག་རྩལ་རྒྱུན་འཛིན། མི་རིགས་ཀྱི་རིག་གནས་དར་སྤེལ་གཏོང་བ་བཅས་བྱ་རྒྱུ་རེད། 

        མིག་སྔའི་བར་སྤྱི་ཡོངས་ཀྱི་རྣམ་གྲངས་ལས་འོག་ཁང་གི་ལས་དོན་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་ཡོད། སྡེ་དགེ་རྫོང་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ལྟེ་གནས་ཀྱི་འཛུགས་སྐྲུན་རྣམ་གྲངས་དང་སྡེ་དགེ་པར་ཁང་གི་པར་ཤིང་པར་འདེབས་ལག་རྩལ་སྲུང་སྐྱོང་བེད་སྤྱོད་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས། ཁམས་པའི་རིག་གནས་ཞིབ་འཇུག་འགྲེམས་སྟོན་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་བཅས་ཀྱི་འཛུགས་སྐྲུན་གཙོ་བོའི་ཐོག་བརྩེགས་དང་པོ་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་ཡོད་པ་རེད། །

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1