༄༅། །རྩིས་འཁོར་མྱུར་མཐེབ་ཕབ་གཞོང་རྩ་ཚིག་བློ་ལྡན་དགྱེས་བའི་རོལ་མཚོ།

རྩོམ་སྒྲིག་པ།རྩོ དབང་ཆེན།ཡོང་ཁུངས།བོད་ཡིག་བརྡ་འཕྲིན་དྲ་བ། སྤེལ་དུས། 11-25


གནའ་བཟང་དེང་སྤྱོད་ཆ་འཕྲིན་དུས་རབས་འདིར།།
བདག་བློའི་ནུས་ཚོད་ཟོས་ཀྱིས་འཇུ་ཚོད་ཞིག།
ལ་དོན་ཕྲད་ཀྱི་ན་ལའི་འཇུག་ཚུལ་ལྟར།།
མྱུར་མཐེབ་ཕབ་གཞོང་རྩ་ཚིག་འདིར་བཤད་བྱ།།
ན་དང་ལ་ཡི་འཇུག་ཚུལ་ཅི་མང་བཞིན།།
ཁེང་ཁྲོ་དང་ནི་ཨར་ཁྲི་ཧྲེ་ཧྥུ་ཐུ ། ། CTRL ALT SHIFT
ཕབ་གཞོང་ངོས་ཀྱི་གསལ་བྱེད་རེ་རེ་ལ།།
སྦྱར་བའི་མྱུར་མཐེབ་རྣམ་གྲངས་མང་དུ་མཆིས།།
ཁྲེང་ཁྲོ་སེས་སྦྱར་པར་སློག་ཁྲེང་ཁྲོ་ལ།། CTRL+C
ཨེ་ཁུ་སུ་སྦྱར་དྲས་གཏུབ་ཁྲེང་ཁྲོ་ལ།། CTRL+X
བཱེས་སྦྱར་སྒྲ་གཟིགས་བརྙན་སོགས་སྦྱོར་བ་དང་།། CTRL+V
ཁྲེང་ཁྲོ་འེས་སྦྱར་ཡོངས་འདེམས་ཞེས་བྱ་འོ།། CTRL+A
ཁེང་ཁྲོ་བཟཱེས་སྦྱར་ཕྱིར་ལོག་ཁེང་ཁྲོ་ལ།། CTRL+Z
ཨེ་སུ་སྦྱར་ན་ཉར་ཚགས་ཁེང་ཁྲོ་ལ།། CTRL+S
བཱ་ཡེ་སྦྱར་བས་ཉམས་པ་སོར་ཆུད་གནས།། CTRL+Y
ཁེང་ཁྲོ་ཨཱེ་ཧྥུའུ་སྦྱར་ན་འཚོལ་ཞིབ་ཉིད།། CTRL+F
ཁེང་ཁྲོ་སྒྲཱ་སྦུ་ལིག་སྦྱར་སྒོ་གཏན་པ།། CTRL+W
ཁེང་ཁྲོ་སྟོང་མཐེབ་སྦྱར་བས་རྒྱ་དབྱིན་གྱི།། CTRL+ སྟོང་མཐེབ།
ནང་འཇུག་བརྗེ་སྤོར་མྱུར་སྟོན་ཁེང་ཁྲོ་ལ།།
ཨཱེ་ཧྥོའུ་ལྔ་སྦྱར་བཙན་སྐུད་གསར་སྐྲུན་ནོ།། CTRL+F5
ཁེང་ཁྲོ་ཨར་ཁྲི་སྒྲཱེ་བོ་སྦྱར་བ་ཡིས།།CTRL+ALT+DEL
ལས་འགན་དོ་དམ་གནས་ཏེ་ཁེང་ཁྲོ་ལ།། CTRL+O
ཨཱོ་དང་སྦྱར་བས་ཁ་འབྱེད་ཁེང་ཁྲོ་ལ།།
འུན་དང་ལེགས་སྦྱར་གསར་སྐྲུན་གནས་སུ་འདོད།། CTRL+N
ཁེང་ཁྲོ་སྤེས་དང་ཨཱེ་བོ་ཡཱོ་སོགས་སྦྱོར།། CTRL+ B CTRL+L CTRL+U
ཡིག་གཟུགས་སྦོམ་གསེག་ཞབས་ཐིག་ལ་སོགས་བཅས།།
རེ་རེ་ཉིད་ནས་ལེགས་མཚོན་ཁེང་ཁྲོ་ལ།།
འེ་སུ་སཱེས་སྦྱར་འགོ་འཛུགས་འདེམས་བྱང་ངོ་།། CTRL+ESC  
ཁེང་ཁྲོ་ཨར་ཁྲི་འེས་སྦྱོར་ཁཱེའུ་ཁཱེའུ་ཡི།། CTRL+ALT+A
རིས་གཅོད་ལག་ཆ་མྱུར་མངོན་ཁེང་ཁྲོ་ལ།།
སྦེས་ཁཱེ་འེ་སུ་སྦྱར་བས་འགོ་སློང་དང་།། CTRL+Backspace BKS
སྒོ་རྒྱག་ནང་འཇུག་སྟབས་བདེའི་མཚོན་པར་བཤད།།
འཇུག་ཡུལ་རྣམ་གྲངས་མོད་པོའི་ཁེང་ཁྲོ་ལ།། CTRL+End
ཨཱེན་རྡུ་དང་ནི་ཧཱོ་མོའུ་སྦྱར་དང་ལྷན།། CTRL+Home
འོད་རྟགས་མྱུར་དུ་ཡི་གེའི་མགོ་འཇུག་ལ།།
ལྡིང་སྟེ་རྩོམ་སྒྲིག་བྱེད་པར་ ཤིན་ཏུ་བདེ།།ཁེང་ཁྲོ་ཨར་ཁྲི་བཟཱེས་དང་སྦྱར་བ་ཡིས།།CTRL+ALT+Z
ཁཱེའུ་ཁཱེའུ་མཁོ་ངེས་གནས་ཚུལ་མྱུར་ལེན་པ།།
ཁེང་ཁྲོ་ཨཱེན་ཁྲིར་སྦྱོར་དང་ཁཱེའུ་ཁཱེའུ་ཡི།། CTRL+ENTER
འཕྲིན་བསྐུར་བརྡ་འཕྲིན་མགྱོགས་པར་འགྲུབ་ཀྱང་འགྲུབ།།
ཨར་ཁྲི་ཁྲེ་སྦུ་སྦྱོར་དང་བརྗེ་བའི་སར།། ALT+TAB
ཨར་ཁྲི་ཨཱེ་ཧྥོའུ་བཞི་ལ་སྦྱར་བའི་གཞིར།། ALT+F4
བྱ་རིམ་སྒོ་རྒྱག་ཧྲེ་ཧྥུ་ཐུ་ལ་ཡང་།།
ཁྲེ་སྦུ་སྦྱར་བས་ལྡོག་ཕྱོགས་བརྗེ་བ་འོ།། SHIFT+TAB
ཁེང་ཁྲོ་ཧྲེ་ཧྥུ་ཐུ་དང་སྦྱར་བ་ཡིས།།CTRL+Shift
ནང་འཇུག་བྱེད་སྟངསབརྗེ་སྤོར་བྱེད་པའི་གནས།།
ཁེང་ཁྲོ་ཧྲེ་ཧྥུ་ཐུ་དེ་< >རྟགས་འདི་ལ།། CTRL+Shift< CTRL+Shift>
སྦྱར་བས་ཡིག་གཟུགས་ཆེ་ཆུང་འདི་ཡིས་མཚོན།།
ཧྲེ་ཧྥུ་ཐུ་དང་སྦྱར་བས་སྡཱེ་ལས་ཐུ།། Shift+DELETE
རྩོམ་སྒྲིག་སྣ་ཚོགས་གཏན་དུ་བསུབ་པ་སྟེ།།
རྩིས་འཁོར་སློབ་ལ་དགྱེས་བའི་བློ་ལྡན་པ།།
ལས་འགན་འདི་ཡི་ཕྱོགས་ལ་ཐུགས་སེམས་མཛོད།།
མཆན། ཡིག་སྒྱུར་གྱི་གཞི་འཛིན་ས། རྒྱ་བོད་སྐུད་ལམ་ཡིག་སྒྱུར་སྨྱན་མང་གློག་རྡུལ་ཚིག་མཛོད། བོད་ལྗོངས་སློབ་ཆེན།


རྩོམ་ཡིག་སྔོན་མ།
༄༅། །བཟོ་རིག་པ།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1