འཛམ་གླིང་གི་རིམས་ནད་གནས་ཚུལ།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-22


        འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་21ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལ་གཞིགས་ན། ཀྲུང་གོ་ཕུད་པའི་ས་གནས་གཞན་དུ་ཏོག་གསར་གློ་ཚད་ཀྱི་ནད་པའི་གྲངས་འབོར་2312966ལ་སླེབས་འདུག
        འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་སྙན་ཞུ་ལས་མངོན་པ་ལྟར་ན། ཡོབ་གླིང་དབུས་མའི་དུས་ཚོད་ཚེས་21ཉིན་གྱི་ཆུ་ཚོད་10༼པེ་ཅིན་ཆུ་ཚོད་16༽བར་དུ། ཉིན་གོང་མར་ཀྲུང་གོ་ཕུད་པའི་ས་གནས་གཞན་དུ་ཏོག་གསར་གློ་ཚད་ཀྱི་ནད་པ་82993འཕར་ཞིང་། ད་བར་ནད་པ་2312966བྱུང་ཡོད་ལ། ཉིན་གོང་མར་ཀྲུང་གོ་ཕུད་པའི་ས་གནས་གཞན་དུ་ནད་པ་5109ཚེ་ལས་འདས་ཤིང་། ད་བར་ཚེ་ལས་འདས་པའི་ནད་པའི་གྲངས་འབོར་158314ལ་སླེབས་འདུག
        འཛམ་གླིང་ཡོངས་སུ་ཉིན་གོང་མར་ཏོག་གསར་གློ་ཚད་ཀྱི་ནད་པ་83006གསར་དུ་འཕར་ཞིང་། ད་བར་ནད་ངོ་བཟུང་བའི་ནད་པ་2397216བྱུང་ཡོད། ཉིན་གོང་མར་ནད་པ་5109ཚེ་ལས་འདས་ཤིང་། ད་བར་ནད་པ་162956ཚེ་ལས་འདས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1