༄༅།།ངལ་རྩོལ་གན་རྒྱ་འཇོག་སྐབས་ནང་དོན་གང་དག་ཚང་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-22



  བློ་མཐུན་རྩོམ་སྒྲིག་པ་ལགས།
        ང་རང་བཟོ་གྲྭ་ཞིག་གི་ནང་དུ་ལས་ཀར་ཞུགས་ཡོད་ལ།རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད།བཟོ་གྲྭ་དང་ངལ་རྩོལ་གན་རྒྱ་འཇོག་རྩིས་ཡོད།འདིར་འདྲི་རྒྱུ་ནི།ངལ་རྩོལ་གན་རྒྱར་ནང་དོན་གང་དག་ཚང་དགོས་པ་དེ་ཡིན།
        ཀློག་པ་པོ་ཚེ་རིང་དོན་གྲུབ་ཀྱིས།
  བློ་མཐུན་ཚེ་རིང་དོན་གྲུབ་ལགས།
        ངལ་རྩོལ་གན་རྒྱ་ཞེས་པ་ནི་ངལ་རྩོལ་པ་དང་མི་བཀོལ་སྡེ་ཁག་གཉིས་ཀྱིས་ངལ་རྩོལ་འབྲེལ་བ་གཏན་འཁེལ་དང་།ཕྱོགས་གཉིས་ཀྱི་དབང་ཆ་དང་འོས་འགན་གསལ་པོ་བྱེད་པའི་གྲོས་མཐུན་ཡི་གེ་ལ་གོངལ་རྩོལ་གན་རྒྱའི་སྟེང་དུ་ངེས་པར་ངལ་རྩོལ་གན་རྒྱའི་དུས་ཡུན་དང་བྱ་བའི་ནང་དོན།ངལ་རྩོལ་སྲུང་སྐྱོབ་དང་ངལ་རྩོལ་ཆ་རྐྱེན།ངལ་རྩོལ་གླ་ཆ།ངལ་རྩོལ་སྒྲིགས་ལམ།ངལ་རྩོལ་གན་རྒྱ་མཚམས་འཇོག་པའི་ཆ་རྐྱེན།ཁ་ཆད་དང་འགལ་བའི་འགན་འཁྲི་སོགས་གསལ་པོར་འགོད་དགོས།དེ་ལས་གཞན་ད་རུང་མི་བཀོལ་སྡེ་ཁག་དང་ངལ་རྩོལ་པ་གཉིས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་མི་འགལ་བའི་གནས་ཚུལ་འོགཕྱོགས་གཉིས་ཀས་ཐུགས་ཁུར་བྱེད་ཀྱིན་པའི་ནང་དོན་གཞན་པའི་ཐད་ནས་ཀྱང་གྲོས་མཐུན་དང་ཁ་ཆད་བཞག་ཆོག་པ་སྟེ།དཔེར་ན་ཚོད་ལྟའི་དུས་ཡུན་དང་ཕན་བདེའི་ཐོབ་ཆ།ཁ་ཆད་དང་འགལ་བའི་དངུལ།སྐྱིན་ཚབ་དངུལ་སོགས།
        གཞི་རྩའི་རྒན་གསོ་དང་གཞི་རྩའི་སྨན་བཅོས།ལས་རྨས་སོགས་ཀྱི་སྤྱི་ཚོགས་འགན་སྲུང་ནི་རྒྱལ་ཁབ་ཀྱིས་བཙན་ཤེད་སྒོས་ལག་བསྟར་བྱེད་ཀྱིན་ཡོད་པས།སྡེ་ཁག་གང་ཞིག་ཡིན་རུང་དེ་ལ་ཞུགས་དགོས།དེའི་རྐྱེན་གྱིས་ངལ་རྩོལ་གན་རྒྱའི་སྟེང་དུ་ཁ་ཆད་མ་བཞག་ནའང་།ངལ་རྩོལ་པས་ཁྲིམས་ལྟར་ངལ་རྩོལ་འགན་སྲུང་དབང་ཆ་འདི་དག་ལོངས་སྤྱོད་བྱེད་ཆོག་གོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1