གཙོ་ངོས།>> དམངས་སྲོལ།>>དམངས་རྩོམ།

བེ་མདའ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༤ཚེས་༢༣ཉིན།

༄༅།།ཨོ་ཐོག་ཡུལ་གྱི་གཞས་མོ་དང་འབྲེལ་བའི་གཏམ།


བེ་མདའ། 

   

ཨོ་ཐོག་ཡུལ་གྱི་གཞས་མོ་དང་འབྲེལ་བའི་གཏམ།

   དེ་ཡང་གཞས་མོ་ཞེས་གླེང་དུས་ངེས་པར་དུ་སེམས་མཐུན་པའི་ཕོ་མོ་གཉིས་ཀྱི་བརྩེ་དུང་ཁོ་ན་གླེང་ཡོང་སྲིད་མོད།  དེ་འདྲ་ཞིག་ཀྱང་མ་ཡིན་ཏེ།  གཞས་དང་གཞས་མོ་སོགས་ནི་རྩོམ་རིག་གི་བྱེ་བྲག་ཅིག་ཡིན་པས་སོ་སོའི་ཕ་ཡུལ་གྱི་རི་གཞས་སོགས་ལ་སྣང་ཆུང་མི་བྱེད་པར་འདི་དག་རྒྱུན་འཛིན་དང་དར་སྤེལ་གནང་ཐུབ་ན་རང་མི་རིགས་ཀྱི་རྩོམ་རིག་གི་འཕེལ་རྒྱས་ལ་ནུས་པ་བཏོན་ནུས་པས་རྩོམ་རིག་ཞེས་གླེང་དུས་ངེས་པར་དུ་རང་གིས་སྨྱུ་གུ་བཟུང་ནས་གསར་དུ་བྲི་དགོས་པའི་ངེས་པ་མེད།  

    དེ་བས་ཉག་ཆུ་ཨོ་ཐོག་གི་གཞས་འདི་ཡང་རྩོམ་རིག་གི་ཆར་དུ་གཏོགས་པར་མ་ཟད་ཚིག་སྦྱོར་སོགས་ཀྱང་གང་ཐད་ནས་ཧ་ཅང་སྙན་པོ་ཞིག་ཡོད།འདི་ནི་ཕོ་མོ་གཉིས་ཀྱི་བརྩེ་དུང་གི་མགོ་མཇུག་ཀུན་གྱི་སྙིང་གཏམ་ཡོད་ཚད་དེ་འདྲའི་ཚིག་སྦྱོར་བདེ་བོའི་སྒོ་ནས་དབྱངས་རྟ་སྙན་མོ་དང་བསྡེབས་ནས་ཕར་ཚུར་ལ་ལེན་རྒྱུ་ཞིག་ཡིན་ལ།གནའ་སྔ་མོ་ནི་ནོར་ལུག་གི་རྫི་བོ་ཕོ་མོ་གཉིས་འཕྲད་པ་ཡིན་ན་གཏམ་ཕལ་ཆེར་གཞས་ཀྱི་ནང་ནས་གླེང་རྒྱུ་ཡིན་སྐད་གདའ།  ད་དུང་གནའ་དུས་སུ་གཉེན་སྒྲིག་ལ་ཡང་རང་དབང་མེད་པས་སེམས་མཐུན་པའི་ཕོ་མོ་གཉིས་ཀྱི་བརྩེ་དུང་གི་སྡུག་བསྔལ་ཡོད་ཚད་གཞས་ཀྱི་ལམ་ནས་ཕན་ཚུན་ལ་གླེང་རྒྱུ་ཡིན་པར་མ་ཟད་ད་དུང་གཞས་མོ(མོ་དང་རྩིས་ཞེས་པའི་ནང་གི་མོ)ཡང་བཏབ་རྒྱུ་འདུག་པས་འདི་ནི་ཅུང་ཟད་དར་སྲོལ་འདུག་ལ།ད་ལྟ་ད་དུང་ཡང་འབྲོག་ཁུལ་ལ་ལ་ན་སྲོལ་དེ་དར་ཁྱབ་ཅུང་ཙམ་ཆེ། འོན་ཀྱང་ཨོ་ཐོག་གི་ས་ཆ་ཕལ་ཆེར་ན་སྲོལ་དེ་འཇིག་གྲབས་ཡོད་པར་མ་ཟད་གཞས་མོའི་ཚིག་བློ་ལ་འཛིན་མཁན་ཧ་ཅང་དཀོན་པའི་ཚོད་རེད།དེ་བས་གཞས་མོ་འདི་ནི་དམངས་ཁྲོད་རྩོམ་རིག་ཞིག་ཡིན་པས་དེ་དག་ད་ལྟའི་དུས་སུ་ཡི་གེར་འབེབ་པ་སོགས་བྱ་མ་ནུས་ན་རྗེས་ནས་ཤུལ་མེད་པར་འགྱུར་ཉེན་ཆེ་བར་འདུག དེ་བས་ཨོ་ཐོག་ཡུལ་གྱི་གཞས་ལ་ཡང་སྤྱིར་ན་མི་རིགས་ཤིག་གི་རིག་གནས་མཚོན་ནུས་པའི་ཆ་རྐྱེན་དང་ལྷག་ཏུ་ཨོ་ཐོག་ཡུལ་གྱི་རྩོམ་རིག་མཚོན་པའི་ཆ་རྐྱེན་ཀུན་པོ་འཛོམས་ཞེས་སྨྲས་ཀྱང་ཐོད་རྒལ་དུ་གྱུར་མེད་པར་སྙམ། 

ཨོ་ཐོག་ཡུལ་གྱི་གཞས་མོ་དང་འབྲེལ་བའི་གཏམ།

    དེ་བས་ས་ཆ་སོ་སོའི་གཞས་མོ་སོགས་ལ་ཡང་དེ་འདྲའི་ཆ་རྐྱེན་འབུར་དུ་ཐོན་པ་རེ་ཡང་ཡོད་ངེས་པས་སོ་སོའི་ཕ་ཡུལ་གྱི་རྩོམ་པ་པོ་དང་དམངས་ཁྲོད་རིག་གནས་རྒྱུན་འཛིན་པ་ཡིན་སྐད་པ་དག་གིས་ཡིག་ཐོག་སོགས་སུ་འབེབ་ཐུབ་པ་སོགས་བྱུང་ན་ཤིན་ཏུ་ལེགས་པར་སྙམ། འོ་ན། ཨོ་ཐོག་ཡུལ་གྱི་གཞས་མོ་ལ་ཁྱད་ཆོས་ཅི་འདྲ་ཞིག་ཡོད་དམ་ཞེ་ན།  དེ་ནི་གོང་ནས་བརྗོད་པ་བཞིན་རྩོམ་རིག་གི་ཁྱད་ཆོས་གཙོ་བོ་སྟེ་ཚིག་སྦྱོར་བདེ་བར་མ་ཟད་གཞས་ཚིག་གི་ཁྱད་ཆོས་གཙོ་བོ་སྟེ་ངག་ལ་འགུག་བདེ་བ་སོགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཡོད་པ་དང་།ད་དུང་སྲོལ་རྒྱུན་སྙན་ངག་གི་གཞིར་བཟུང་ཡོད་པས་ཚིག་དོན་གང་ཐད་ནས་ཧ་ཅང་ཕྱུག་པོ་རེད་འདུག རི་གཞས་སམ་ལ་གཞས་འདི་ནི་གཞས་ཀྱི་བྱེ་བྲག་ཅིག་ཡིན་པས་གཞས་ལ་ཡང་རིགས་ཧ་ཅང་མང་པོ་ཞིག་ཡོད་པ་གདོན་མི་ཟ་མོད། འོན་ཏེ། དུས་དང་དུས་སུ་མཁོ་དགུ་ཡོད་མེད་དང་དར་སྤེལ་མ་ནུས་པ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་ཉམས་རྒུད་དུ་སོང་བ་ཡང་ཡོད་པས་ད་ལྟའི་དུས་སུ་ཡོད་པའི་གཞས་འདི་དག་ཀྱང་གལ་ཆེན་དུ་བརྩིས་ནས་མཐོང་ཆེན་དང་བརྒྱུད་སྤེལ་མ་ཐུབ་ན་ནམ་ཞིག་དེ་ལྟར་ཤུལ་མེད་དུ་འགྱུར་ངེས་པས་འདི་དག་ཀྱང་གཟུགས་མེད་ཤུལ་བཞག་རིག་གནས་ཤིག་གི་རིན་ཐང་བཟུང་ནས་དར་སྤེལ་གནང་རྒྱུ་གལ་ཆེན་པོ་རེད་འདུག 

ཨོ་ཐོག་ཡུལ་གྱི་གཞས་མོ་དང་འབྲེལ་བའི་གཏམ།

    ད་དུང་།སྡེབ་སྦྱོར་གྱིས་མ་བསླད་པའི་གཞས་འདི་དག་ནི་ངག་རྒྱུན་ཁོ་ན་ལས་དར་སྤེལ་ཡོང་བ་ཞིག་ཡིན་པས་ཡི་གེར་འབེབ་པའི་དཀའ་ངལ་ནི་ཅིས་ཀྱང་ཡོད་མོད་དེ་ནི་གལ་ཆེ་བ་གང་ཡང་མ་ཡིན་ལ།ཡི་གེར་འབེབ་སྐབས་བརྡ་རྙིང་དང་ཡུལ་སྐད་ངན་པ་མང་པོ་ཞིག་བསྲེས་ནས་ཡོད་སྟབས་ཧ་ཅང་སེམས་བདེ་བོ་ཞིག་ནི་གང་ཡང་འབྱུང་གི་མེད་ན་ཡང་།བརྡ་རྙིང་གི་དཔེ་དེབ་རྩ་ཆེན་དག་ལ་ཁུངས་བཅོལ་བ་དང་གླིང་སྒྲུང་སོགས་སུ་བྲིས་པའི་ཡུལ་སྐད་དེ་དག་ལ་གཞིར་བཅོལ་ནས་བྲིས་པ་ཡིན་པས་ཧ་ཅང་ནོར་བ་མེད་དགོས་པ་ཞིག་ཡིན་ཀྱང་ད་དུང་གཏན་ཁེལ་བ་ཞིག་ཏུ་ནི་དེ་ཙམ་བཤད་མི་སྤོབས།འོན་ཏེ།ཨོ་ཐོག་ཡུལ་གྱི་ཁ་སྐད་དང་འབྲེལ་ནས་ཅུང་ཟད་བྲིས་པ་ཞིག་ཡོད་པ་དེ་དག་ཀྱང་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་དང་ཅུང་ཟད་མ་མཐུན་པ་ཞིག་ཡོང་ངེས་པས་མ

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1