མཚོ་སྔོན་ཞིང་ཆེན་གྱི་རྫོང་དབུལ་པོ་ཚང་མས་དབུལ་ཞྭ་ཕུད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-23



     ཚེས་21ཉིན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྤྱི་བསྒྲགས་སྤེལ་ནས། ཆེད་དོན་དཔྱད་དཔོག་ཞིབ་བཤེར་བྱས་པ་བརྒྱུད་རྨིན་ཧའོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་སོགས་རྫོང་(ཆུས)དབུལ་པོ་17དབུལ་སྒྲོལ་ཕྱིར་འཐེན་གྱི་ཚད་གཞི་ལོན་ཡོད་ཅེས་བརྗོད་པ་རེད། ད་བར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན)དབུལ་པོ་42ཚང་མ་རྫོང་དབུལ་པོའི་གྲས་ནས་ཕྱིར་འཐེན་བྱས་པ་རེད། 
     མཚོ་སྔོན་ཞིང་ཆེན་གྱི་མི་འབོར་དབུལ་པོ་གནས་མང་ལ་ཁྱབ་རྒྱ་ཆེ་བ་དང་། དབུལ་ཕོངས་ཀྱི་ཚད་གཞི་གཏིང་ཟབ་པས། ཁྱོན་རྫོང་(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན)དབུལ་པོ་42ཡོད་པའི་ནང་རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་གྱི་གཙོ་གནད་རྫོང་15ཡོད་པ་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན། མཚོ་སྔོན་ཞིང་ཆེན་གྱིས“ལོ་བཞིའི་ནང་གཅིག་སྡུད་ཀྱིས་འགག་སྒྲོལ་བྱེད་པ་དང་ལོ་གཅིག་ནང་བརྟན་གཏོང་མཐོར་གཏོང་བྱེད་པ”ཡི་སྤྱིའི་བཀོད་སྒྲིག་གཞིར་བཟུང་། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ཚད་གཞིར་དམ་པོར་དམིགས་ཏེ་མཚོ་སྔོན་ཞིང་ཆེན་གྱི“1+8+10”སྲིད་ཇུས་མ་ལག་སྣེ་ཁྲིད་དུ་བྱས་ཏེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་ནུས་ལྡན་བཏང་བས་དབུལ་པོ་ཉུང་གཏོང་གི་ཕན་འབྲས་ལོ་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད། 

     གཅིག་སྡུད་འགག་སྒྲོལ་དང་ཕྱིར་འཐེན་གོ་རིམ་ལག་བསྟར་བྱས་པ་བརྒྱུད། ད་ལོ་རྫོང(ཆུས)17བདེ་བླག་ངང་ཕྱིར་འཐེན་བྱས་པ་དེས་མཚོ་སྔོན་ཞིང་ཆེན་གྱི་རྫོང་(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན)དབུལ་པོ་42དང་། གྲོང་ཚོ་དབུལ་པོ་1622 མི་འབོར་དབུལ་པོ་ཁྲི་53.9བཅས་ཚང་མ་དབུལ་སྒྲོལ་ཐུབ་ནས་དབུལ་པོ་དབུལ་རྐྱང་མེད་པའི་དམིགས་ཚད་མངོན་འགྱུར་བྱུང་བ་མཚོན་ཡོད།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1