ཛམ་ཐང་རྫོང་གིས་ས་གཤིས་གནོད་འཚེའི་འཕྲལ་སྡོམ་ནང་སྦྱོང་བྱས་ནས་མི་སེར་གྱི་གེགས་འགོག་ནུས་པ་ཆེ་རུ་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-24



     ཉེ་ཆར་ཛམ་ཐང་རྫོང་རྩང་ཁོག་ཤང་དང་ཕོ་སུལ་ཤང་གིས་ས་གཤིས་གནོད་འཚེའི་འཕྲལ་སྡོམ་ནང་སྦྱོང་བྱས་པ་རེད། ནང་སྦྱོང་ཡུལ་དངོས་སུ་བཀོད་འདོམས་པུའུ་བཙུགས་ཡོད་པ་དང་ཤང་དང་གྲོང་རྡལ་གྱི་ཏང་ཡོན་དང་བླངས་ཞབས་ཞུ་རུ་ཁག་དང་། འཕྲོད་བསྟེན་སྨན་བཅོས་རུ་ཁག ཡུལ་དམག་གྲ་སྒྲིག་དམག་ཞབས། མེ་ཟོན་དཔོན་དམག་སོགས་འཕྲལ་སྡོམ་ཉེན་སེལ་དཔུང་ཁག་6གི་ཁྱོན་མི་100ལྷག་ཙམ་ནང་སྦྱོང་ལ་ཞུགས་ཡོད་པ་རེད། 
     ནང་སྦྱོང་བྱེད་རིང་འཁར་རྔའི་སྒྲ་དང་ཉེན་བརྡ་གྲགས་རྗེས་བཀོད་འདོམས་པས་འཕྲལ་དུ་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་བསྡུ་རུབ་བྱས་ཏེ་ས་གཤིས་གནོད་འཚེ་ཐོན་ཁུལ་བྱེད་པའི་ཡུལ་དངོས་དང་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་རོགས་སྐྱོབ་བྱས་པ་དང་། ཉེན་སེལ་རུ་ཁག་ཁག་ཛ་དྲག་དང་གོ་རིམ་ལྡན་པ་དང་མཐུན་སྦྱོར་གཞོགས་འདེགས་ཀྱིས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་གནས་སྐབས་ཀྱི་གནོད་འཚེ་གཡོལ་སར་ཕྱིར་འཐེན་བྱས་པ་དང་གནས་དེར་འབྱོར་རྗེས་འཕྲལ་མར་མི་གྲངས་ཚང་རྩིས་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་བདེ་འཇགས་ས་ཁོངས་སུ་ཕྱིར་འཐེན་ཐུབ་པའི་འགན་ལེན་བྱས་པ་རེད། ནང་སྦྱོང་བྱས་པར་བརྟེན་ལས་བྱེད་པ་དང་མང་ཚོགས་ཀྱི་ཐོལ་བྱུང་རང་བཞིན་གྱི་ས་གཤིས་གནོད་འཚེར་ཁ་གཏད་གཅོག་པའི་ནུས་པར་ཞིབ་བཤེར་བྱས་པ་མ་ཟད། མང་ཚོགས་ཀྱིས་ས་གཤིས་གནོད་འཚེ་ཐོན་དུས་རང་སྐྱོབ་བྱེད་པའི་ནུས་པ་སྔར་བས་ཆེ་རུ་བཏང་ཡོད། གོམ་སྟབས་རྗེས་མར་རྫོང་དེས་ཤང་དང་གྲོང་རྡལ་མང་པོར་རྒྱུན་རྣམ་ཅན་གྱི་གསོ་སྦྱོང་དང་འཕྲལ་སྡོམ་ནང་སྦྱོང་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1