ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཆེས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་དབར་གྱི་རིམས་འགོག་མཉམ་ལས་ལ་ཚད་མཐོའི་ཁས་ལེན་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-24



 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཅ་ཁར་ཐ་ནས་ཟླ་4ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། ཀྲུང་གོ་སྲིད་གཞུང་གིས་ཅ་ཁར་ཐའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའི་ཐོག་བརྩེགས་ཁང་ཆེན་དུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་ལ་རིམས་འགོག་གི་དངོས་ཟོག་ཁག་གཅིག་ཞལ་འདེབས་བརྒྱབ་པ་རེད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཆེ་ལིན་ཡུས་ཧུའེ་ཡིས་ཞལ་འདེབས་རྒྱག་པའི་མཛད་སྒོའི་ཐོག་ཀྲུང་གོ་ཕྱོགས་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོས་ཐུན་མོང་ཐོག་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་མཉམ་ལས་ཐད་ཚད་མཐོའི་ཁས་ལེན་ཡང་བྱས་པ་རེད།
     ལིན་ཡུས་ཧུའེ་ཡིས། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོས་རྒྱལ་ཁབ་དང་ས་ཁོངས་རིམ་པ་མི་འདྲ་བར་རིམས་འགོག་གི་མཉམ་ལས་ཧུར་ཐག་བྱས་ཏེ་ཕྱི་གསལ་ནང་གསལ་དང་དུས་ཐོག་གི་ལག་རྩལ་སྤེལ་རེས་དང་ཆ་འཕྲིན་མཉམ་སྤྱོད་བྱས་པ་བརྒྱུད་སྤྱི་པའི་འཕྲོད་བསྟེན་དང་། ཚོང་དོན། ཡུལ་སྐོར་བཅས་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་བཏང་ཡོད། རིམས་ནད་ཀྱི་འགྲན་སློང་མདུན་དུ་ཀྲུང་གོ་ཕྱོགས་ཀྱིས་རོགས་སྐྱོར་བྱས་པའི་དངོས་ཟོག་དེ་དག་གིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའི་ལས་མི་300ལྷག་ཙམ་ལ་ཕན་པ་ཐོབ་རྒྱུ་ཡིན་པ་གདོན་མི་ཟ་ཞེས་བརྗོད།
     ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཏེང་ཤིས་ཅུན་གྱིས། དཀའ་ངལ་གྱི་དུས་དེར་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཉམ་དུ་ལངས་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་ལ་དགོས་ངེས་ཀྱི་རིམས་འགོག་དངོས་ཟོག་མི་འདང་བ་ཤེས་རྟོགས་བྱུང་རྗེས། ཀྲུང་གོ་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་རྒྱལ་ཁབ་དང་རྒྱལ་སྤྱི་འཕེལ་རྒྱས་མཉམ་ལས་ཧྲུའུ་བརྒྱུད་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་ལ་ཁ་རས་སོགས་རིམས་འགོག་དངོས་ཟོག་ཞལ་འདེབས་བརྒྱབ་ཡོད། དངོས་ཟོག་དེ་དག་གིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའི་ལས་བཟོ་ཚང་མའི་བདེ་ཐང་འགན་སྲུང་ལ་རོགས་རམ་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1