དུས་སྐབས་གསར་པའི་དཔེ་ཀློག་བྱེད་སྟངས་ཀྱི་འགྱུར་ལྡོག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-24


    “སྤྲིན་ཚོགས་ཉན་ཀློག་”དང་“སྤྲིན་ཚོགས་བལྟ་ཀློག”ལ་དགའ་བསུ་ཐོབ་ཅིང་། ཤོག་བུའི་དཔེ་དེབ་བལྟ་ཀློག་བྱེད་ཚད་ཉུང་དུ་ཕྱིན་པ།
    ཟླ་4ཚེས་20ཉིན་ཀྲུང་གོ་གསར་འགྱུར་དཔེ་སྐྲུན་ཞིབ་འཇུག་ཁང་གིས་སྤེལ་བའི་རྒྱལ་ཡོངས་མི་དམངས་ཀྱི་དཔེ་ཀློག་བརྟག་དཔྱད་མཇུག་འབྲས་ལས་མངོན་གསལ། ལག་འཁྱེར་ཁ་པར་དང་དྲ་སྦྲེལ་ནི་ང་ཚོས་ནམ་རྒྱུན་མཚམས་སྦྲེལ་གྱི་ཐབས་ལམ་གཙོ་བོར་གྱུར་བ་དང་བསྟུན་ནས། “སྤྲིན་ཚོགས་དཔེ་ཀློག”ཀྱང་དཔེ་ཀློག་བྱེད་སྟངས་ཤིག་ཏུ་གྱུར་ཡོད། 
    རྒྱ་ཆེའི་ཀློག་པ་པོ་ཚོས་གྲངས་གཞི་དཔེ་ཀློག་ལ་སྤྱོད་པའི་དུས་ཡུན་ཇེ་རིང་དུ་གྱུར་ཡོད། 2019ལོར་རང་རྒྱལ་རྒྱལ་དམངས་དར་མའི་དྲ་རྒྱ་དང་ལག་འཁྱེར་ཁ་པར། གློག་རྡུལ་ཀློག་ཆས། དེ་བཞིན་དུ་Padབཅས་སུ་བལྟ་ཀློག་བྱེད་ཚད་འཕར་ཡོད་ཅིང་། དྲ་ཐོག་གི་བལྟ་ཀློག་བསྡུར་ཚད་དང་ལག་འཁྱེར་ཁ་པར་ཐོག་གི་བལྟ་ཀློག་བསྡུ་ཚད་ནི་2019ལོ་ལས་སོ་སོར་2.3%དང་2.4%འཕར་ཡོད།
    གྲངས་གཞི་ཅན་གྱི་བལྟ་ཀློག་བྱེད་ཐབས་ཀྱི་མི་ཚོགས་ཁྱབ་ཚུལ་གྱི་ཁྱད་ཆོས་ནས་བལྟས་ན། གྲངས་གཞི་ཅན་གྱི་བལྟ་ཀློག་བྱེད་ཐབས་ནི་ན་ཚོད་ཀྱི་ལོ་རིམ་ཡོངས་སུ་བརྒྱུད་ཡོད། རྒྱལ་དམངས་ཕྱེད་ཀ་ཙམ་ལ་ལག་འཁྱེར་ཁ་པར་ཐོག་བལྟ་ཀློག་བྱེད་པར་གོམས་ཡོད་ཅིང་། “སྤྲིན་ཚོགས་བལྟ་ཀློག”ལ་དགའ་བོ་བྱེད་མཁན་མི་ཚོགས་ཆེ་ཤོས་ནི་ལོ་རབས་90དང་ལོ་རབས་00རྗེས་ཀྱི་ན་གཞོན་དག་ཡིན། 
     གྲངས་གཞི་ལས་མངོན་གསལ། 2019ལོར་རང་རྒྱལ་གྱི་རྒྱལ་དམངས་31.2%ལ་ཉན་ཀློག་གོམས་ཡོད་ཅིང་། རྒྱལ་དམངས་དར་མའི་ཉན་ཀློག་ཚད་ནི་30.3%ཡིན་ཞིང་2018ལོའི་ཆ་སྙོམས་ཆུ་ཚད་26.0%ལས་4.3%ཇེ་མང་དུ་གྱུར་ཡོད། 
    “སྤྲིན་ཚོགས་བལྟ་ཀློག”དང་“སྤྲིན་ཚོགས་ཉན་ཀློག”དར་སྲོལ་ཆེ་བའི་དུས་འདིར། མི་རེའི་ཤོག་བུའི་དཔེ་དེབ་དང་ཀློག་རྡུལ་དཔེ་དེབ་བལྟ་ཀློག་བྱེད་ཚད་རང་ཤུགས་སུ་ཆག་ཡོད། 2019ལོར་རང་རྒྱལ་གྱི་རྒྱལ་དམངས་དར་མའི་མི་རེའི་ཆ་སྙོམས་ཀྱི་ཤོག་བུའི་དཔེ་དེབ་བལྟ་ཀློག་ཚད་དང་གློག་རྡུལ་དཔེ་དེབ་བལྟ་ཀློག་ཚད་སོ་སོར་དེབ་4.65དང་དེབ་2.84ཡིན་ཞིང་། དེ་ནི་2018ལོར་ཆ་སྙོམས་ཀྱི་དེབ་4.67དང་3.32བལྟ་ཀློག་བྱས་པ་ལས་ཉུང་དུ་ཕྱིན་ཡོད། 
    སྤྱི་ཚོགས་ཡོངས་སུ་ན་གཞོན་གྱི་དཔེ་ཀློག་ལ་མཐོང་ཆེན་བྱས་པར་བརྟེན། རང་རྒྱལ་དུ་ན་གཞོན་གྱི་མི་རེའི་དཔེ་ཀློག་ཚད་ནི་བསྟུན་མར་ཇེ་མང་དུ་འགྲོ་བཞིན་ཡོད། 2019ལོར་རང་རྒྱལ་དུ་ལོ་14-17བར་གྱི་ན་གཞོན་གྱི་སློབ་གསེང་གི་དཔེ་དེབ་ཀློག་ཚད་ཆེས་མང་ཞིང་། མི་རེའི་དེབ་12.79བཀླགས་ཡོད། 2018ལོའི་དེབ་11.56ལས་དེབ་1.23འཕར་སྣོན་བྱུང་ཡོད། ལོ་0-8བྱིས་པའི་མི་རེའི་དཔེ་ཀློག་ཚད་ནི་དེབ་9.54ཡིན་ཞིང་། 2018ལོའི་དེབ་7.10ལས་དེབ་2.44འཕར་སྣོན་བྱུང་ཡོད། 2019ལོར་རང་རྒྱལ་དུ་ལོ་0-17བར་གྱི་ལོ་ན་མ་སོན་མཁན་གྱི་མི་རེའི་དཔེ་ཀློག་ཚད་དེབ་10.36ཡིན་ཞིང་། 2018ལོའི་དེབ་8.91ལས་དེབ་1.45འཕར་སྣོན་བྱུང་ཡོད།
    རིམས་ནད་ལས་ང་ཚོའི་དཔེ་ཀློག་ལ་ཤུགས་རྐྱེན་གང་དག་བཟོས་ཡོད།
    སྤྱིའི་གྲངས་གཞིའི་ཆ་ནས་བལྟས་ན། 2019ལོའི་དུས་ཚིགས་དང་པོ་དང་བསྡུར་ན། 2020ལོའི་དུས་ཚིགས་དང་པོའི་དཔེ་ཆ་བཙོངས་འབོར་འཕར་བ་དང་། རིགས་སྣ་ནས་བལྟས་ན། ཅིན་ཏུང་གྲངས་གཞི་ཆེན་པོ་ལས་མངོན་གསལ། རིམས་ནད་བྱུང་རིང་དུ། བྱིས་པའི་དཔེ་ཆ་བཙོང་འབོར་གྱིས་30%ཟིན་ཞིང་། དེ་ནི་སྔར་བྱུང་མ་མྱོང་བ་ཞིག་ཡིན། རིམས་ནད་ཀྱིས་གཞོན་ནུ་ལོ་ཆུང་གི་དཔེ་ཀློག་གི་སྤྲོ་བ་བཀག་འགོག་གཏན་ནས་བྱས་ཐུབ་མེད། འཕར་ཚད་ཆེས་མགྱོགས་པ་ནི་སློབ་དེབ་ཀྱི་ཟུར་དཔྱད་དཔེ་ཆ་དང་། བྱིས་པའི་དེབ། དེ་བཞིན་ཚན་རིག་ཁྱབ་གདལ་གྱི་རིགས་ལས། གཞན་ད་དུང་དངུལ་རྩ་མ་འཇོག་དང་། ལོ་རྒྱུས། ཁྱིམ་ཆས། རྣམ་ཐར་སོགས་ཡོད་ཅིང་། ཚན་བཟོའི་རིགས་ཀྱི་དངོས་སྤྱོད་དཔེ་དེབ་ཀྱི་འཕར་ཚད་མངོན་གསལ་མ་རེད། 

    རིམས་ནད་བྱུང་རིང་དུ། དཔེ་དེབ་ཕྱིར་འཚོང་བྱེད་ཚད་ཀྱི་མདུན་གྲལ་གྲོང་ཁྱེར་བཅུ་ནི་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཁྲེང་ཏུའུ། ཧྲེན་ཀྲེན། ཞི་ཨན། ཁྲུང་ཆིང་། ཐེན་ཅིན། སུའུ་ཀྲོའུ། ནན་ཅིང་བཅས་རེད།  



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1