མཛོད་དགེ་རྫོང་གི་ཐོན་ལས་དབུལ་སྐྱོར་ཁེ་ལས་གསུམ་སྐྲུན་མགོ་བརྩམས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 04-24


      ཟླ་4ཚེས་21ཉིན་མཛོད་དགེ་རྫོང་གི་ཐོན་ལས་དབུལ་སྐྱོར་རྟེན་གཞི་རུ་ཁེ་ལས་3དངོས་སུ་སྐྲུན་མགོ་ཚུགས།   རྒྱུས་ལོན་པ་ལྟར་ན། མཛོད་དགེའི་ཐོན་ལས་དབུལ་སྐྱོར་རྟེན་གཞིའི་འཆར་འགོད་ཀྱི་ས་ཁྱོན་མུའུ་636ཟིན་པ་དང་རྟེན་གཞི་དེ་ཚན་ཞིབ་གཞུང་ལས་ཁུལ་དང་། བཟོ་ལས་ལས་སྣོན་ཁུལ། འཁྱགས་ཕྲེང་ཟོག་འགྲེམས་མཛོད་ཉར་ཁུལ་བཅས་སུ་དབྱེར་ཡོད། མིག་སྔར་གན་རྒྱ་བཞག་པའི་བཅའ་སྡོད་ཁེ་ལས་5ཙམ་ཟིན་པ་དང་། དངོས་སུ་འཛུགས་སྐྲུན་ལས་མགོ་ཚུགས་པའི་ཁེ་ལས་ཀྱི་ནང་ཝེ་ལིན་ས་མཐོའི་སྨན་རྫས་ལས་རིགས་ཚད་ཡོད་འགན་ལེན་ཀུང་སི་དང་། ཞུའེ་ཧྭ་བཟའ་བཅའ་ཚད་ཡོད་འགན་ལེན་ཀུང་སི། རྔ་བ་ཁུལ་ཐུའུ་ཡིའུ་ཏ་ཞིང་ལས་ཚན་རྩལ་ཚད་ཡོད་འགན་ལེན་ཀུང་སི་བཅས་ཀུང་སི་3ཚུད་ཡོད།

       ཝེ་ལིན་ས་མཐོའི་སྨན་རྫས་ལས་རིགས་ཚད་ཡོད་ཀུང་སིའི་གཉེར་བ་ཁང་ལིན་གྱིས། རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་ང་ཚོ་ཝེ་ལིན་ས་མཐོའི་སྨན་རྫས་ལས་རིགས་ཚད་ཡོད་ཀུང་སི་བདེ་བླག་ངང་ཐོན་ལས་གླིང་དུ་བཅའ་སྡོད་བྱས་པ་དང་། སླད་ཕྱིན་ང་ཚོས་ངེས་པར་དུ་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་ནས་ཀུང་སིའི་རྟེན་གཞི་འདི་སྔ་མོ་ནས་ལེགས་འགྲུབ་ཡོང་བར་བརྩོན་ལེན་དང་མཛོད་དགེའི་སྨན་རྩྭ་ཡག་ཤོས་ཕྱིར་གཏོང་བྱ་བར་བརྩོན།


        མཛོད་དགེ་ཐོན་ལས་དབུལ་སྐྱོར་རྟེན་གཞིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། སྣེ་འདྲེན་ཁེ་ལས་གཅིག་སྡུད་ལ་ཁྲིད་སྟོན་དང་། ཁྱད་ལྡན་སྤུས་རྟགས་ཐོན་རྫས་སྐྱེད་སྲིང་། ཚད་ལྡན་ཅན་གྱི་མ་བཅོས་རྒྱུ་ཆའི་རྟེན་གཞི་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། རོང་འབྲོག་ཐོན་རྫས་ལས་སྣོན་གླིང་འཛུགས་སྐྲུན་ཧུར་ཐག་བྱས་ཏེ། ཚད་ལྡན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་ལས་སྣོན་གླིང་ཁུལ་ཁག་གཅིག་བསྐྲུན་ནས་མཛོད་དགེའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བ་བྱ་རྒྱུ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1