དཀར་མཛེས་རྫོང་གིས་འོས་འགན་ཤིང་འཛུགས་ཀྱི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-26


དཀར་མཛེས་རྫོང་གིས་འོས་འགན་ཤིང་འཛུགས་ཀྱི་བྱེད་སྒོ་སྤེལ།

   དཔྱིད་རླུང་དལ་གྱིས་ལྡང་བ་དང་བསྟུན་ནས་ན་ནིང་བཙུགས་པའི་རྒྱལ་སྲུང་གཞུང་ལམ317པའི་འགྲམ་གྱི་ལྕང་ཕྲུག་ལ་སྔོ་ལྗང་ལོ་མ་བཞད་མགོ་ཚུགས། ཉེ་ཆར། དཀར་མཛེས་རྫོང་གིས་ན་ནིང་གི་ཤིང་འཛུགས་ཉམས་མྱོང་ལ་གཞིགས་ནས་ད་ལོ་ཡང་ཡུལ་དངོས་གྱི་དྲོ་གྲང་དང་བསྟུན་ནས་རྫོངས་ཡོངས་སུ་འོས་འགན་ཤིང་ཕྲུག་འཛུགས་པའི་བྱེད་སྒོ་སྤེལ་བ་རེད།

   རྫོང་སློབ་གསོ་ཅུས་ཀྱི་བོད་སྐྱོར་ལས་བྱེད་པ་ཀྲའོ་ཏེ་ཧུའེ་ཡིས་དེ་རིང་ང་ཚོ་ལས་ཁུངས་དང་མཉམ་དུ་འོས་འགན་ཤིང་ཕྲུག་འཛུགས་པའི་བྱེད་སྒོ་ནང་ཞུགས་པ་ཡིན། ཤིང་ཕྲུག་འཛུགས་རྒྱུ་ནི་མི་རབས་མང་པོ་ལ་ཕན་ཐོགས་ཡོད་པའི་བྱ་བ་བཟང་པོ་ཞིག་རེད། ལོ་འགའི་རྗེས་སུ་སླར་ཡང་དཀར་མཛེས་རྫོང་དུ་ཡོང་དུས་ས་གནས་འདི་ལ་སྔོ་ལྗང་གི་ཤིང་སྡོང་གིས་གང་བའི་རེ་བ་ཡོད་ཅེས་བཤད་པ་རེད།

དཀར་མཛེས་རྫོང་གིས་འོས་འགན་ཤིང་འཛུགས་ཀྱི་བྱེད་སྒོ་སྤེལ།

    ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་ནང་། དཀར་མཛེས་རྫོང་གིས་སྐྱེ་ཁམས་ཉམས་གསོ་བྱ་རྒྱུ་འདི་དོན་ཆེན་དུ་བཟུང་ནས། རྫོང་ཡོངས་ཀྱིས་ནུས་ཤུགས་མཉམ་འདོན་བྱས་ནས་སྐྱེ་ཁམས་ཉམས་གསོའི་ལས་ཀར་སྐུལ་འདེད་བཏང་བར་མ་ཟད། ས་ཁོངས་ཡོངས་སུ་སྤུས་ཚད་མཐོན་པོས་ལྗང་སྒྱུར་བྱེད་པའི་དཀར་མཛེས་རྫོང་གི་བྱ་སྤྱོད་དངོས་སུ་སྤེལ་བ་རེད། ད་ལོར་དཀར་མཛེས་རྫོང་གིས་ལས་བྱེད་པ་དང་མང་ཚོགས། གྲྭ་བཙུན་སོགས་མི་ཁྲི4.2ལྷག་སྒྲིག་འཛུགས་བྱས་ནས་འོས་འགན་ཤིང་ཕྲུག་ཁྲི13.36ལྷག་འཛུགས་རྒྱུའི་འཆར་གཞི་བཞག་པ་རེད།

   སྔོན་མ་ནས་ཤིང་ཕྲུག་བཙུགས་དགོས་བསམ་མྱོང་མོད། རེད་དེ་ཆ་རྐྱེན་མི་འཛོམས་ནས་ལྷག་ཐལ། ད་ལོར་རྫོང་ཚང་གི་འཆར་གཞི་དང་ང་རང་གི་དྲན་གཞི་གཉིས་ཆ་ཡག་མོ་འཕྲོད་ཐལ། ས་གང་ཡིན་རུང་ཤིང་ནགས་ཡོད་ས་དེ་ལས་སྐྱིད་ཅིག་མི་འགི དགོན་པའི་ནང་ལ་ཡང་དེ་འདྲ་རེད། དགའ་ལྡན་ཆོས་གླིང་གི་ཇོ་མོ་བཅོ་ལྔ་ལྷ་མོས་དེ་ལྟར་ཟེར།

    ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེས་མ་དངུལ་སྒོར་ཁྲི10902.862བཏང་སྟེ་ས་སྟོང་མུའུ་ཁྲི1.5ཡི་ནང་ལ་གསོམ་ཤིང་དང་། ལྕང་མ། ལི་ཤིང། རྒྱ་ལྕང་། ཁམ་སྡོང་སོགས་བཙུགས་པ་དང་རྩྭ་ཐང་མུའུ་ཁྲི29.7ཉམས་གསོ་བྱ་རྒྱུ་དང་། ལྗང་མདོག་རྟེན་གཞི་དང་མཛེས་ལྗོངས་མུའུ505འཛུགས་སྐྲུན་བྱ་རྒྱུ། བྱེ་འགྱུར་མུའུ་ཁྲི0.3བཅོས་སྐྱོང་བྱ་རྒྱུ་བཅས་ཀྱི་འཆར་གཞི་བཞག་པ་རེད། མང་ཚོགས་ལ་ནགས་ཚལ་ཕན་འབྲས་སྐྱེ་ཁམས་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི4282.48སྤྲོད་པ་དང་དུད་ཚང་དབུལ་ཕོངས་ཀྱི་མི་སྣ2457ལ་ནགས་ཚལ་དང་རྩྭ་ཐང་བདག་གཉེར་གྱི་ཀུན་ཕན་ལས་གནས་སྤྲད་ཡོད། རྫོང་ཡོངས་སུ་ནགས་ཚལ་མུའུ་ཁྲི463.3་ལ་ཟིན་པར་བརྩོན་ལེན་བྱེད་པ་དང་ད་ཡོད་རང་བྱུང་ནགས་ཚལ་མུའུ་ཁྲི416.7ཚང་མ་ལ་བདག་གཉེར་བྱེད་མཁན་ཡོད། རྫོང་ཡོངས་ལ་ནགས་ཚལ་དང་རྩྭ་ཐང་གཉིས་ཀྱི་ཕྱོགས་བསྡུས་སྔོ་ལྗང་ཁེབས་ཚད་ཁག་བགོས་ནས་བརྒྱ་ཆ41.04དང་བརྒྱ་ཆ85ལ་བསླེབ་གང་ཐུབ་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1