༄༅།།གལ་ཏེ། གལ་ཏེ།

འོམ་བུ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-28


 འོམ་བུ།
གལ་ཏེ།  ཡང་བསྐྱར་བཟོ་ཆོག་ན།
ངས་ནམ་མཁའ་ནི་ནག་པོ་དང་ས་གཞི་ནི་སྔོན་པོ་བྱ་འདོད།
ལས་དབང་ནི་དཀར་པོ་དང་སྡུག་བསྔལ་ནི་ལྗང་གུར་བསྒྱུར་འདོད།
དེ་ལྟར་བྱས་ཚེ། ངའི་ལས་དབང་གིས་ནམ་མཁའ་དཀར་པོར་བསྒྱུར་ཆོག

གལ་ཏེ། ཡང་བསྐྱར་བཟོ་ཆོག་ན།
ངས་དུས་ཚོད་ཀྱི་བྱ་ཕོ་རི་ལ་མངགས་ཤིང་།
ང་རང་བདེ་སྐྱིད་ཀྱི་རྨི་ལམ་དུ་ཉལ་འདོད།
དེ་ལྟར་བྱས་ཚེ།  རྨི་ལམ་གྱི་ནང་དུ་ནམ་ཡང་ཁྱོད་དང་འཕྲད་ཐུབ།

གལ་ཏེ།  ཡང་བསྐྱར་བཟོ་ཆོག་ན།
ངས་རྨི་ལམ་ནི་ཁག་གསུམ་དུ་བགོས་འདོད་དེ།
གཅིག་ནི་ཁྱོད་དང་གཅིག་ནི་ང་།
གཅིག་ནི་ད་ལྟ་བའི་སྟོང་བསམ་འདིིའི་ཁྲོད་དུ་གཏོང་འདོད།

གལ་ཏེ།  ཡང་བསྐྱར་བཟོ་ཆོག་ན།
ང་རང་ཁྱེད་ཀྱི་སྒོ་འགྲམ་དུ་སྐྱེས་པའི་མེ་ཏོག་རྐང་གཅིག་བྱ་འདོད།
དེ་ལྟར་བྱས་ཚེ།  ཁྱེད་ཀྱིས་བརྩེ་བའི་ཆུ་ཐིགས་རེ་རེ་བདག་གིས་འཐུང་ཐུབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1