ནགས་ཚལ་མེ་ཟོན་མི་སྣས་ར་རྒོད་སྐྱོབ་རོགས་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-29


     ཟླ་4ཚེས་25ཉིན་གྱི་ཆུ་ཚོད་11ཙམ་ལ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ནགས་ཚལ་མེ་ཟོན་རུ་འབྲིང་ལ་བྲག་ཡིབ་ཆུས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་བརྡ་ཐོ་འབྱོར་ཏེ། སྟོང་མཇུག་ཤང་གི་མང་ཚོགས་ཤིག་གིས་ཁ་པར་བརྒྱབ་ནས་ཉེན་བརྡ་བཏང་དོན། རི་སྐྱེས་སྲོག་ཆགས་ཤིག་ཐོན་སྐྱེད་བཟོ་ཁང་དུ་འཛུལ་ཡོང་བས་རོགས་སྐྱོབ་བྱེད་དགོས་ཀྱི་ཡོད་ཟེར། 
     ཉེན་བརྡ་འབྱོར་རྗེས་རུ་འབྲིང་གིས་མྱུར་སྐྱོབ་ཚོགས་ཆུང་མངགས་ནས་འཕྲལ་མར་ཡུལ་དངོས་སུ་བསྐྱོད་ལ། ཉེ་གྱར་གྱི་རི་སྐྱེས་སྲོག་ཆགས་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ར་རྒོད་རེད། མེ་ཟོན་མི་སྣས་ར་རྒོད་ཀྱི་བདེ་ཐང་གནས་ཚུལ་ལ་བརྟག་དཔྱད་ཞིབ་ཚགས་བྱས་པ་ན། དེའི་ལུས་ལ་རྨ་ཤུལ་མངོན་གསལ་དོད་པོ་མེད་ཅིང་། ཚེ་སྲོག་ལུས་རྟགས་རྒྱུན་གཏན་ཡིན། 

     བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ལས་ཅུས་ཀྱི་ལས་དོན་མི་སྣ་དང་གྲོས་མོལ་བྱས་པ་བརྒྱུད། མྱུར་སྐྱོབ་ཚོགས་ཆུང་གིས་ཉིང་ཁྲིའི་སྟོང་མཇུག་གི་རང་སྐྱོང་ལྗོངས་རིམ་པའི་ར་རྒོད་རང་བྱུང་སྲུང་སྐྱོང་ཁུལ་དུ་སྲོག་ཐར་བཏང་བ་རེད། 



    ཤ་ཚའི་དྲན་སྐུལ། 
     1. གལ་ཏེ་རྨས་སྐྱོན་ཕོག་པ་དང་ཉེན་གྱར་བའི་རི་སྐྱེས་སྲོག་ཆགས་མཐོང་ཚེ་འཕྲལ་དུ་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུས་ནས་སྲོག་ཆགས་ལ་ཐད་ཀར་ཐུག་རེག་བྱེད་མི་རུང་། 
     2. གལ་ཏེ་རི་སྐྱེས་སྲོག་ཆགས་ལ་ཐུག་རེག་བྱ་དགོས་ཚེ་ངེས་པར་དུ་འགོག་སྲུང་ཡག་པོ་བྱེད་དགོས་པ་དང་། ཁ་རས་དང་ལག་ཤུབས་སོགས་གྱོན་དགོས་ཤིང་། འགོག་སྲུང་ཆ་རྐྱེན་མེད་མཁན་གྱིས་རོགས་སྐྱོབ་བྱས་རྗེས་དུས་ཐོག་ཏུ་ལག་པ་དང་ངོ་གདོང་སོགས་ཕྱིར་མངོན་སར་བཀྲུ་དགོས། 
     3. གལ་ཏེ་ཕྱི་ནས་ཡོང་བའི་སྐྱེ་དངོས་རིགས་སམ་ཡང་ན་དབྱེ་འབྱེད་ངོས་འཛིན་བྱེད་ཐབས་བྲལ་བའི་སྐྱེ་དངོས་རིགས་མཐོང་ཚེ་རང་དགར་སྲོག་ཐར་གཏོང་མི་རུང་བར། འབྲེལ་ཡོད་སྡེ་ཁག་ལ་སྤྲད་ནས་ཐག་གཅོད་བྱེད་དུ་འཇུག་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1