ཟླ5བའི་ཚེས6ཉིན་ནས་བཟུང་ལམ་ཁྲལ་བསྡུ་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་འཕྲིན་གསར། སྤེལ་དུས། 04-29


        གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་ཐོབ་པ་བརྒྱུད། རྒྱལ་ཡོངས་གཞུང་ལམ་གྱི་ལམ་ཁྲལ་སླར་ཡང་བསྡུ་རྒྱུ་རེད། ད་ལྟ་འབྲེལ་ཡོད་ལས་དོན་སྤྱི་བསྒྲགས་བྱས་པ་གཤམ་གསལ།
        གཅིག ཁྲལ་བསྡུའི་སླར་གསོའི་དུས་ཚོད། 2020ལོའི་ཟླ5བའི་ཚེས6ཉིན་གྱི་ཆུ་ཚོད0ནས་བཟུང་། ཁྲིམས་ལྟར་ཆོག་མཆན་ཐོབ་པའི་གཞུང་ལམ་གྱི་ཁྲལ་བསྡུ(ཟམ་པ་དང་ཕུག་ལམ་གྱི་ཁྲལ་བསྡུ་ཚུད་པ)སླར་གསོ་བྱ་རྒྱུ་རེད།
        གཉིས། ཁྲིམས་ལུགས་ཀྱིས་གཏན་ཁེལ་བྱས་པའི་རིན་མེད་ཤར་བགྲོད་ཀྱི་སྲིད་ཇུས་མུ་མཐུད་དུ་དོན་འཁྱོལ་བྱ་དགོས། 《གཞུང་ལམ་གྱི་ཁྲལ་བསྡུའི་དོ་དམ་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་དང་མཐུན་པའི་དམག་དཔུང་གི་རླངས་འཁོར(དྲག་ཆས་ཉེན་རྟོག་དཔུང་སྡེའི་རླངས་འཁོར་ཚུད)དང་སྤྱི་བདེ་ལས་ཁུངས་ཀྱིས་ཁོངས་གཏོགས་ཁུལ་གྱི་ཁྲལ་བསྡུའི་གཞུང་ལམ་ཐོག་བྱུང་བའི་འགྲིམ་འགྲུལ་དོན་རྐྱེན་ཐག་གཅོད་དང་རྒྱུན་ལྡན་གྱི་སྐོར་ཞིབ་ལས་འགན་སྒྲུབ་པ། ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པ་བཅས་ཀྱི་མཚོན་རྟགས་གཅིག་གྱུར་བཟོས་པའི་ཉེན་རྟོག་པའི་རླངས་འཁོར། འཕྲལ་སྡོམ་རོགས་སྐྱོབ་ཆེད་སྤྱོད་ཨང་རྟགས་བཀལ་བའི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་རླངས་འཁོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྲིམ་འགྲུལ་གཙོ་སྐྱོང་སྡེ་ཁག་གམ་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ནས་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་འགན་སྒྲུབ་པར་ཆོག་མཆན་ཐོབ་པའི་རླངས་འཁོར་གྱི་རིགས་དང་། ཞིང་ལས་ཐོན་རྫས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་གྱི་རིགས། ས་ཁུལ་ལས་བརྒལ་ནས་ལས་ཀ་བྱེད་པའི་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་དང་སྐྱེལ་འདྲེན་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར(ལྗང་འཛུགས་འཕྲུལ་འཁོར་ཡང་ཚུད་ཡོད)རིགས་བཅས་ཀྱིས་མུ་མཐུད་དུ་ལམ་ཁྲལ་མི་བསྡུ་བའི་སྲིད་ཇུས་ལོངས་སུ་སྤྱད་ཆོག 
        གསུམ། རིམས་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་སྐྱེལ་འདྲེན་རླངས་འཁོར་གྱི་རིགས་སྔོན་ལ་ཤར་གཏོང་ཐུབ་པར་འགན་ལེན་བྱ་དགོས། པྲོག་གསར་གློ་ཚད་ཀྱི་རིམས་ནད་ཚོད་འཛིན་རྒྱུན་ལྡན་ཅན་དུ་གྱུར་བའི་རིང་། མྱུར་བགྲོད་གཞུང་ལམ་གྱི་ཁྲལ་བསྡུའི་ས་ཚིགས་སུ་ཆེད་སྤྱོད་མྱུར་ལམ་བཀོད་སྒྲིག་བྱ་དགོས་པ་དང་། ཡུལ་དངོས་ནས་ཤར་གཏོང་ཐུབ་པའི་སྒྲིག་ལམ་ལ་ཁྲིད་སྟོན་དང་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རིམས་འགོག་ཚོད་འཛིན་སོགས་འཕྲལ་སྡོམ་སྐྱེལ་འདྲེན་རླངས་འཁོར་གྱི་རིགས་སྔོན་ལ་ཤར་གཏོང་ཐུབ་རྒྱུར་འགན་ལེན་བྱ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1