༄༅།།ཕྲུ་གུས་ངེས་པར་དུ་གཟབ་དགོས་པའི་གོམས་གཤིས་ངན་པ་བདུན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-29



    ངས་དངོས་གནས་སྦྱོང་ཐུབ་ཀྱི་མི་འདུག ཧ་ཅང་ཁག་པོ་འདུག་ཅེས་ཁྱོད་ཀྱིས་ཀྱང་ཕྲུ་གུ་ས་འདི་ལྟར་འཁང་ར་བྱེད་པ་ཐོས་མྱོང་ངམ། ཕྲུ་གུ་རང་ལ་ཡིད་ཆེས་མེད་པ་མ་ཟད། ཉན་རྒྱུ་མང་དྲགས་ན། ཁྱིམ་བདག་གིས་ཀྱང་རང་དབང་མེད་པར་ཁོ་ནི་གླེན་པ་ཞིག་ཡིན་པ་དང་། སློབ་སྦྱོང་བྱ་རྒྱུ་དང་ལས་འཕྲོ་མེད་པ་མིན་འགྲོ་སྙམ་པའི་བསམ་པ་སྐྱེས་སྲིད།  དོན་དངོས་ཐོག་ཕྲུ་གུའི་རང་གཤིས་ཚང་མ་གཅིག་པ་ཡིན་ཞིང་། གལ་ཏེ་འབད་བརྩོན་བྱས་ཀྱང་སྦྱངས་འབྲས་ཡག་ཏུ་མ་སོང་ན། སློབ་སྦྱོང་གི་གོམས་གཤིས་དང་སློབ་སྦྱོང་བྱེད་ཐབས་མ་འགྲིག་པ་ཡིན་ཤས་ཆེ།
    ཕྲུ་གུའི་སྦྱངས་འབྲས་ཞན་དུ་འགྲོ་བའི་གོམས་གཤིས་ངན་པོ་བདུན་དེ་དག་གིས་ཁྱེད་ཀྱི་ཕྲུ་གུར་ཤུགས་རྐྱེན་ཐེབས་འདུག་གམ། དེ་ལ་མཐོང་ཆེན་གནང་དགོས།
1.སློབ་ཁྲིད་ནན་ཏན་མི་ཉན་པ།

    ཕྲུ་གུའི་སློབ་སྦྱོང་བྱ་ཡུལ་གཙོ་བོ་དེ་སློབ་ཁང་དུ་ཡིན་པས་སློབ་ཚན་སྐབས་སློབ་སྦྱོང་ཡག་པོ་མ་བྱས་ན་སྦྱངས་འབྲས་ལ་ཤུགས་རྐྱེན་ཐེབས་ངེས་རེད། ཕྲུ་གུ་ཡང་ཡ་མཚན་ཅན་གྱི་བསམ་པ་མང་ཞིང་། རྣམ་གཡེང་ཆེ་བའི་ལོ་དུས་སུ་འཁེལ་བས་སློབ་ཚན་སྐབས་ཁ་གཡེང་མིག་གཡེང་བྱེད་སླ་པོ་ཡོད། སློབ་ཚན་ཐོག་ཤེས་བྱའི་གནས་མ་ཤེས་ན། སློབ་ཚན་གྲོལ་རྗེས་དུས་ཚོད་མང་པོ་སྤྱད་དེ་གོ་བ་ལེན་དགོས།
ཁྱིམ་བདག་ཚོས་ཕྲུ་གུར་འདི་ལྟར་རོགས་རམ་བྱེད་དགོས་ཀྱི་ཡོད།
     ཕྲུ་གུས་དོན་དག་གང་ཞིག་སྒྲུབ་རུང་། བློ་གཅིག་སེམས་གཅིག་ངང་སྒྲུབ་དགོས་པའི་སློབ་གསོ་གཏོང་བ་དང་རོགས་རམ་བྱེད་དགོས།
     ཕྲུ་གུ་ཚོར་སློབ་སྦྱོང་གི་འཆར་གཞི་དང་དམིགས་ཚད་འགོད་རོགས་བྱས་ཏེ། འཆར་གཞི་ཡོད་པའི་སྒོ་ནས་སློབ་སྦྱོང་བྱེད་དུ་འཇུག་དགོས། དམིགས་ཚད་རེ་རེ་ལེགས་གྲུབ་བྱུང་ཚེ་ཕྲུ་གུར་གཟི་བརྗིད་ཀྱི་བསམ་པ་དང་ཡིད་ཆེས་ཀྱི་བསམ་པ་རེ་ཡོང་གི་ཡོད། 
     ཕྲུ་གུས་སྦྱོང་ཚན་འབྲི་བའི་སྐབས་སུ་ཉེ་འཁོར་དུ་སློབ་སྦྱོང་དང་འབྲེལ་བ་མེད་པའི་དངོས་པོ་འཇོག་མི་རུང་། དེ་ལྟར་བྱས་པ་ཕུད། ད་དུང་སློབ་སྦྱོང་དང་འབྲེལ་བ་ཡོད་རུང་། མིག་སྔའི་སློབ་སྦྱོང་གི་ནང་དོན་དང་འབྲེལ་བ་མེད་པའང་འཇོག་མི་རུང་། 
     དཔེར་ན་རྩིས་རིག་སློབ་སྦྱོང་བྱེད་སྐབས། སྐད་ཡིག་དང་འབྲེལ་བ་ཡོད་པའི་དངོས་པོ་འཇོག་མི་རུང་། གཅིག་ནས་ཕྲུ་གུ་རྣ་བ་གཡེང་དུ་འཇུག་མི་རུང་ལ། གཉིས་ནས་ཕྲུ་གུར་གནོན་ཤུགས་སྤྲོད་མི་རུང་། 
     མི་གང་ཞིག་ཡིན་རུང་། དུས་ཡུན་རིང་པའི་ནང་བློ་རྩེ་གཅིག་སྒྲིམ་བྱེད་ཁག་པོ་ཡིན། ཕྲུ་གུས་སློབ་སྦྱོང་བྱེད་སྐབས་བསམ་གཞིགས་བྱེད་མཚམས་འཇོག་པའི་གནས་ཚུལ་ཡང་འབྱུང་སྲིད། སྐབས་དེར་ཕྲུ་གུར་བཙན་ཤེད་ཀྱིས་ངལ་གསོ་རྒྱག་ཏུ་འཇུག་པའམ་ཡང་ན་སློབ་ཚན་གཞན་ལྟ་རུ་འཇུག་མི་རུང་། 
     གལ་ཏེ་ཡིག་རྒྱུགས་སྦྱོང་བརྡར་མིན་ཚེ་ཕྲུ་གུ་ཁྱིམ་དུ་སློབ་སྦྱོང་བྱེད་དུ་འཇུག་དགོས་པ་དང་། ཆུ་ཚོད་རེ་རེར་སྐར་མ་བཅུ་ངལ་གསོ་བྱེད་དུ་འཇུག་དགོས། 
     ཡོད་ཚད་ཀྱི་ཡོད་ཚད་བདེ་ཐང་གི་གཟུགས་པོར་ཐུགས་ཡོད། སྐད་ཆ་འདི་ང་ཚོས་ཤེས་མོད། འོན་ཀྱང་དངོས་གནས་ལག་བསྟར་བྱེད་མཁན་ཉུང་ཉུང་ཡིན། ཕྲུ་གུའི་གཟུགས་པོར་སྦྱོང་བརྡར་མང་ཙམ་དང་། སློབ་སྦྱོང་དང་ངལ་གསོ་ཟུང་འབྲེལ་བྱེད་དུ་འཇུག་དགོས། ལུས་པོ་བདེ་ཐང་བྱུང་ན་གཞི་ནས་བསམ་བློ་ཡག་པོ་ཡོང་ཐུབ་པ་དང་། བློ་རྩེའང་གཅིག་ཏུ་སྒྲིམ་ཐུབ།
     སློབ་སྦྱོང་ལ་གོམ་པ་རིམ་བགྲོད་བྱ་དགོས་ལས་བྲེལ་བ་བྱེད་མི་རུང་། སྟབས་བདེ་བ་ནས་དཀའ་བའི་བར་རིམ་གྱིས་གནད་དོན་ཐག་གཅོད་བྱས་ཏེ། ཕྲུ་གུར་སློབ་སྦྱོང་གི་རང་རློམ་བསམ་པ་དང་སྤྲོ་སྣང་ལྡན་རྒྱུར་རོགས་རམ་བྱེད་དགོས། དེ་ལྟར་སློབ་སྦྱོང་བྱས་ན་གཞི་ནས་ལས་སླ་པོ་ཡོང་ཐུབ་པ་དང་། ཡུན་རིང་སློབ་སྦྱོང་བྱེད་རྒྱུར་དགའ་པོ་ཡོང་གི་རེད།
2.འཆར་འགོད་མེད་ན། ལས་ཆོད་དམའ།

      ང་ཚོས་ཤེས་གསལ་ལྟར། ལས་ཀ་དང་འཚོ་བ་གང་ཡིན་རུང་། འཆར་འགོད་བྱས་ན་ད་གཟོད་ལས་ཆོད་མཐོ་རུ་འགྲོ་བ་དང་། དགོས་མེད་ཀྱི་རྙོག་དྲ་མང་པོ་མི་ཡོང་སྔོན་འགོག་བྱེད་ཐུབ།
     འོན་ཀྱང་ཕྲུ་གུར་རང་འགུལ་ངང་འཆར་འགོད་བྱེད་པའི་ནུས་པ་དང་བསམ་པ་མེད་པས། ཁྱིམ་བདག་གིས་གསོ་སྐྱོང་དང་རོགས་རམ་བྱེད་དགོས། བྱེད་ཐབས་འདིས་སློབ་སྦྱོང་ལ་ཕན་ནུས་ཐོན་ཐུབ་པ་མ་ཟད། ཕྱོགས་གཞན་གྱི་ཐད་ཕྲུ་གུ་དེ་ཕུལ་བྱུང་ཞིག་ཏུ་འགྱུར་རྒྱུར་རོགས་རམ་བྱེད་ཐུབ།

     སྦྱངས་འབྲས་བཟང་བའི་ཕྲུ་གུ་དེ་དག་གིས། རང་ཉིད་ཀྱིས་དུས་ནམ་ཞིག་ལ་བྱ་བ་ཅི་ཞིག་བསྒྲུབ་དགོས་པ་ཤེས་པའི་ཁར། སློབ་སྦྱོང་ལ་དམིགས་བཙུགས་རང་བཞིན་ལྡན་པས། དེར་བརྟེན་སློབ་སྦྱོང་གི་འཆར་གཞི་དེ་ཕྲུ་གུའི་སྦྱངས་འབྲས་ལ་མཚོན་ན་ཧ་ཅང་གལ་ཆེན་ཡིན།


འདི་ནས་ཚང་མར་སློབ་སྦྱོང་འཆར་འགོད་ཀྱི་རིག་ལམ་ཞིག་འདོན་སྤྲོད་བྱེད། 
     སློབ་སྦྱོང་གི་འཆར་གཞི་ནི་འཆར་གཞི་གཞན་དང་འདྲ་བར། དེར་མ་ལག་རང་བཞིན་ལྡན་དགོས། ཡག་ཤོས་བྱུང་ན་ནམ་རྒྱུན་གྱི་འཆར་གཞི་དང་། དུས་ཐུང་གི་འཆར་གཞི། ཕུགས་རིང་གི་འཆར་གཞི་བཅས་ཁག་གསུམ་ལྡན་དགོས།
     སློབ་སྦྱོང་གི་འཆར་གཞི་བཟོ་སྐབས། ང་ཚོས་ཕུགས་ཀྱི་འཆར་གཞི་ནས་བསམ་བློ་བཏང་སྟེ། ཕྲུ་གུའི་སློབ་རིམ་འཕར་བའི་དམིགས་ཚད་དམ་ཡང་ན་སློབ་ལོ་ཧྲིལ་པོའི་དམིགས་ཚད་ལ་བསམ་གཞིགས་བྱེད་དགོས། དཔེར་ན། དམའ་རྒྱུགས་དང་འབྲིང་རྒྱུགས། མཐོ་རྒྱུགས། ཡང་ན་སློབ་མཇུག་ཡིག་རྒྱུགས་ལྟ་བུའི་སྦྱངས་འབྲས་སྐར་མ་ག་ཚོད་མཐོ་རུ་འགྲོ་མིན་སོགས་དམིགས་ཡུལ་དུ་འཛིན་དགོས།
     དེ་ནས་ཕུགས་ཀྱི་དམིགས་ཡུལ་དེ་དུས་ཐུང་གི་འཆར་གཞིར་དབྱེ་དགོས། དཔེར་ན་འབྲིང་རྒྱུགས་ཀྱི་དམིགས་ཡུལ་ནི་སློབ་གྲྭ་གང་ཡིན་པ་དང་། སློབ་གྲྭ་འདི་ལ་སོང་ན་རྒྱུགས་འབྲས་སྐར་མ་ག་ཚོད་ལོན་དགོས་པ་དང་། སློབ་དུས་རེར་ཅི་ཙམ་མཐོ་རུ་གཏོང་དགོས་མིན་སོགས་གསལ་པོ་བཟོས་ནས་རིམ་པས་བཞིན་དམིགས་འབེན་དེ་མངོན་འགྱུར་བྱེད་དགོས།
     དུས་ཐུང་གི་འཆར་གཞི་བཟོས་རྗེས། དུས་རྒྱུན་ནས་ལག་བསྟར་བྱེད་དགོས། དཔེར་ན། ཚན་ཁག་གང་དག་གི་རྨང་གཞི་ཞན་པ་དང་། ཤེས་བྱའི་གནས་གང་ལ་ཞན་པ་སོགས་གསལ་པོ་ཤེས་པ་བྱེད་དགོས་པ་དང་། དེ་དག་ལེགས་སུ་གཏོང་ཆེད་འདྲི་གཞི་གང་ཞིག་བསྒྲུབ་དགོས་པ་དང་། སློབ་དེབ་གང་ཞིག་ལྟ་དགོས་པ་སོགས་ཁ་གསལ་བཟོས་ཏེ། ཉིན་རེ་བཞིན་ལེགས་འགྲུབ་བྱ་དགོས།
3.རྩིས་གཞི་འབྲི་སྐབས་དཔྱད་གཞིའི་ཡིག་རིགས་ལྟ་བ།

རྩིས་རིག་གི་སྤྱི་འགྲོས་བརྗེད་ན། 
དཔྱད་ཡིག་ཅིག་ལྟ་བ་དང་།
དབྱིན་ཡིག་གི་བརྡ་སྤྲོད་བརྗེད་ན། 
དཔྱད་ཡིག་ཅིག་ལྟ་བའི་སྲོལ་ངན།
     དེ་ལྟར་བྱས་ཚེ་མཇུག་ཏུ་དཔེ་ཆའི་སྟེང་གི་ཤེས་བྱའི་གནས་ན་མ་རྟོགས་འདྲི་གཞི་འབྲི་མི་ཤེས་པ་ཆགས་ཏེ།  ཕྱིས་སུ་དེ་དང་འདྲ་བའི་གནད་དོན་དང་འཕྲད་སྐབས་ལམ་སེང་དཔྱད་གཞིར་ལྟ་མཁན་ཞིག་ཏུ་འགྱུར་སྲིད། དེ་ནི་གོམས་གཤིས་ངན་པ་ཞིག་རེད།

     འདི་ནི་སློབ་དེབ་ལྟ་ཆོག་པའི་ཡིག་རྒྱུགས་དང་གཅིག་མཚུངས་རེད། དེས་ཐག་གཅོད་བྱས་པའི་གནད་དོན་ནི་གནས་སྐབས་ཙམ་ཡིན་པ་ལས་མཐར་ཕྱིན་པ་ཞིག་མིན།


གྲོས་འགོ
     ཡང་དག་པའི་བྱེད་ཐབས་ནི་ཡིད་ལ་འཛིན་དགོས་པའི་ཤེས་བྱ་དག་བློ་རུ་ངེས་དགོས་པ་དེ་རེད། དེ་ལྟར་བྱས་ན་རྩིས་གཞི་འབྲི་སྐབས་ད་གཟོད་རིག་ལམ་གསལ་པོ་ཡོང་ཐུབ།
     ཨ་ཅང་ཅང་། དང་ཐོག་ནས་ཤེས་བྱ་ཡོད་ཚད་ཡིད་ལ་འཛིན་མི་ཐུབ་པ་ཡོང་སྲིད། སྐབས་དེ་དུས་སློབ་དེབ་བལྟས་ན་ཆོག འོན་ཀྱང་བསྐྱར་སྦྱོང་དང་ཤེས་བྱའི་དྲན་ཤེས་ལ་བརྟེན་ནས། རིམ་བཞིན་སློབ་དེབ་ལ་ལྟ་མི་དགོས་པར་ཡིག་རྒྱུགས་གཏོང་ཐུབ་པ་བྱེད་དགོས། དེ་ལྟར་ཡུན་རིང་སོང་ན་རང་ཤུགས་སུ་ཡར་རྒྱས་ཡོང་ངེས།


4.སློབ་སྦྱོང་བྱེད་གང་ཐུབ་བྱེད་པ་ལས། བསམ་བློ་གཏོང་མི་ཤེས་པ།

     ཕྲུ་གུ་མང་པོ་ཞིག་ལ་སྦྱངས་འབྲས་སྐབས་རེ་མཐོ་ལ་སྐབས་རེ་དམའ་བའི་སྣང་ཚུལ་ཐོན་གྱི་ཡོད། དེ་ནི་རླུང་རྟ་རྒྱུགས་པ་དང་འདྲ་ཞིང་། རང་གིས་ཤེས་པའི་འདྲི་གཞི་དང་ཐུག་དུས་སྦྱངས་འབྲས་བཟང་པོ་ལེན་པ་དང་། རང་གིས་མ་ཤེས་པའི་འདྲི་གཞི་དང་ཐུག་དུས་བསམ་བློ་གཏོང་མི་ཤེས་པར་ག་བྱེད་འདི་བྱེད་པར་ལུས་ནས་སྦྱངས་འབྲས་དམའ་རུ་འགྲོ་གི་ཡོད།
     རིག་ཚན་མང་པོ་ཞིག་ཏེ། དཔེར་ན་རྩིས་རིག་ལྟ་བུ་ནི་གཏན་ཚིགས་ཀྱིས་ཕྱུག་པའི་རིག་ཚན་ཞིག་ཡིན་པས། བློ་འཛིན་ཁོ་ན་མ་བྱས་པར་རང་ཉིད་ཀྱིས་བསམ་བློ་ཞིབ་མོ་བཏང་ན་ད་གཟོད་ཤེས་བྱ་དེ་དག་ཁོང་དུ་ཆུད་ཐུབ།


གྲོས་འགོ

     རིག་ཚན་མང་པོ་ཞིག་གི་དཔྱད་ཞིབ་ནི་ཤེས་བྱའི་གནས་བེད་སྤྱོད་ཐུབ་མིན་ལ་ཐུག་ཡོད། ཤེས་བྱའི་གནས་དེ་དག་ལ་གོ་བ་གཏིང་ཟབ་ལེན་ན་གཞི་ནས་ཤེས་བྱ་བརྟན་དུ་གཏོང་ཐུབ།
     དེར་བརྟེན། སློབ་སྦྱོང་བྱེད་སྐབས་དང་དྲི་ལན་འདེབས་སྐབས། ཕྲུ་གུར་དྲི་བ་དེས་ཤེས་བྱའི་གནས་གང་ཞིག་འདྲི་བཞིན་ཡོད་པ་དང་། བརྗོད་གཞི་རེ་རེའི་བར་དུ་འབྲེལ་བ་དང་མི་འདྲ་བའི་གནས་ཅི་ཞིག་ཡོད་མེད་དབྱེ་ཞིབ་བྱེད་དུ་འཇུག་དགོས།
     ཤེས་བྱ་བསྡུ་སྒྲིག་དང་དབྱེ་ཞིབ་བྱེད་ཤེས་ཚེ། རང་ཤུགས་སུ་རིག་ལམ་གསལ་པོ་རྙེད་ཐུབ་པ་དང་རྗེས་སུ་གནད་དོན་དེ་དང་གཅིག་པ་འཕྲད་ཚེ་ལས་སླ་རུ་འགྲོ་སྲིད། བསམ་བློ་མང་ཙམ་བཏང་ན། བག་ཆགས་ཟབ་མོ་བྱུང་ནས་རིམ་བཞིན་རང་ཉིད་ཀྱི་ཤེས་བྱའི་མ་ལག་ཅག་ཆགས་ཐུབ།
     སློབ་སྦྱོང་ཕུད། གཞན་ད་དུང་ཕྲུ་གུར་བསམ་གཞིགས་ཀྱི་གལ་ཆེའི་རང་བཞིན་ཤེས་སུ་འཇུག་ནས།  ཕྲུ་གུ་དེ་རང་ཉིད་ཀྱི་བསམ་བློ་དང་ལྟ་བ་ཡོད་མཁན་ཞིག་ཏུ་འཚར་ལོངས་ཡོང་བ་བྱེད་དགོས།
5.རྩིས་གཞི་རྩི་བ་དང་དྲི་ལན་འདེབས་སྐབས་ཧ་རེ་ཧུ་རེ་བྱེད་པ།
     ཁྱེད་ཀྱི་ཕྲུ་གུ་ཡང་ངང་རྒྱུད་ཐུང་བའི་རྐྱེན་གྱིས། ལས་ཀ་བྱེད་དུས་མགྱོགས་དགོས་བསམ་པ། རྒྱུགས་རའི་ནང་རང་ཉིད་ཀྱིས་ཤེས་པ་ལྟ་བུའི་འདྲི་གཞི་ཞིག་མཐོང་རྗེས། མྱུར་དུ་དྲི་ལན་འདེབས་ནས། མ་གཞི་འབྲི་ཤེས་པའི་འདྲི་གཞི་དེ་མཐར་འབྲི་ནོར་ཤོར་ནས་སྐར་མ་མ་རག་པ་སོགས་ཀྱི་སྣང་ཚུལ་ཐོན་མྱོང་ཡོད་སྲིད།


གྲོས་འགོ

     འདྲི་གཞི་འབྲི་བའི་སྐབས་སུ་ནན་ཏན་གྱིས་ཁ་བྱང་ལ་མང་ཙམ་ལྟ་དགོས། ལྷག་པར་དུ་ཕྱོགས་བསྡུས་རིགས་ཀྱི་འདྲི་གཞི་ཆེན་པོ་དེ་རིགས་ཀྱི་ཁ་བྱང་ལ་མང་ཙམ་ལྟ་དགོས། ཁ་བྱང་ལ་དབྱེ་ཞིབ་བྱས་ཏེ་གོ་རིམ་ཡོད་པའི་སྒོ་ནས་དྲི་ལན་དག་རེ་རེ་བཞིན་བྲིས་ན་འབྲི་ནོར་ཤོར་མི་སྲིད།
     དེ་ནི་ཆུང་ས་ནས་དོན་ཆེན་མཐོང་བའི་གནད་དོན་ཞིག་ཡིན་ཞིང་། ལས་ཀ་བྱེད་དུས་ངང་རྒྱུད་ཐུང་བའི་ཕྲུ་གུ་ནར་སོན་རྗེས་གྱོང་ཕོག་སླ་བས། ཆུང་དུས་ནས་གསོ་སྐྱོང་བྱེད་པ་དང་། འདྲི་གཞི་འབྲི་བ་བརྒྱུད་ནས་གསོ་སྐྱོང་བྱས་ཏེ། ཕྲུ་གུའི་ངང་རྒྱུད་ཐུང་བའི་སྐྱོན་ཆ་ཡོ་བསྲང་བྱེད་དགོས།
6.དྲིས་ལན་ཁོ་ནར་ལྟ་བ་ལས་བརྒྱུད་རིམ་ལ་མི་ལྟ་བ།
     ཕྲུ་གུ་ཚང་མར་སྒྱིད་ལུག་གི་བསམ་པ་ཡོད་ཅིང་། དྲི་བ་དྲིས་ཚར་རྗེས་དྲིས་ལན་འགྲིག་ན་འགྲིག་པ་དང་། ནོར་ན་ནོར་བ་དེ་རང་དུ་འཇོག་པ་ལས་དྲིས་ལན་ཇི་ལྟར་ཐོབ་མིན་ལ་དབྱེ་ཞིབ་བྱེད་པ་ཧ་ཅང་དཀོན་པོ་ཡིན།
     ཁྱིམ་བདག་ཚོས་ཕྲུ་གུར་ནོར་བཅོས་འབྲི་དེབ་ཅིག་གྲ་སྒྲིག་བྱེད་དགོས་པ་དང་། དུས་ཐོག་ཏུ་ནོར་འཁྲུལ་ཤོར་སར་དབྱེ་ཞིབ་གཏིང་ཟབ་བྱས་ནས། ནོར་འཁྲུལ་ཡང་ཡང་ཤོར་བའི་གནས་ཚུལ་མི་ཐོན་པ་བྱེད་དགོས།
༡ ནོར་བཅོས་འབྲི་དེབ་ཅིག་གྲ་སྒྲིག་བྱས་ནས། རྒྱུན་དུ་ལྟ་ཀློག་བྱེད་དགོས།
     ཐོག་མར་འབྲི་དེབ་ཅིག་གྲ་སྒྲིག་བྱེད་དགོས་པ་དང་། ནོར་འཁྲུལ་ཤོར་བའི་འདྲི་གཞི་དེའི་ཐོག་ཏུ་བྲིས་ཏེ།  རྟག་ཏུ་ལྟ་ཀློག་བྱེད་དགོས་པ་ལས་ཤོག་སྙིགས་སུ་བརྩིས་ནས་ཟུར་དུ་འཇོག་མི་རུང་། རྒྱུན་ལྡན་གྱི་བསྐྱར་སྦྱོང་འདྲི་གཞི་ལས་གཞན་ནོར་བཅོས་འབྲི་དེབ་ལ་གཞིགས་ནས་བསྐྱར་སྦྱོང་འདྲི་གཞི་ཁ་སྣོན་བྱས་ཆོག ཡིག་རྒྱུགས་མ་བཏང་གོང་ལྟ་ཙམ་བྱས་ན། དེ་བས་བག་ཆགས་ཟབ་ཏུ་སོང་ནས། སྐར་མ་ལེན་རྒྱུར་ཕན་ཐོགས་ཆེན་པོ་ཡོད།
༢ སློབ་གྲོགས་ཕན་ཚུན་བར་ནོར་བཅོས་འབྲི་དེབ་མཉམ་སྤྱོད་བྱེད་པ་དང་། ཕན་ཚུན་དཔྱད་གཞིར་འཛིན་དགོས།
     ཕྲུ་གུ་ཚོས་ཕན་ཚུན་ལྟ་ཀློག་དང་། རང་ཉིད་ཀྱི་ནོར་བཅོས་འབྲི་དེབ་མཉམ་སྤྱོད་བྱེད་པར་བསྔགས་སྐུལ་བྱེད་དགོས། གཞན་གྱི་ནོར་འཁྲུལ་ལས་ཉམས་མྱོང་དང་བསླབ་བྱ་ལེན་པ་དེའང་སློབ་སྦྱོང་གི་ཐབས་ལམ་ཞིག་ཡིན།
༣ རིགས་དབྱེ་ནས་སྦྱོང་བརྡར་བྱེད་པ།
     ཕྲུ་གུས་ནོར་འཁྲུལ་ཤོར་སླ་བ་དེ་ནི་ཁོས་སློབ་སྦྱོང་བྱེད་པའི་དཀའ་གནད་ཡིན། དེའི་ཁྲོད་ནས་ཆོས་ཉིད་ཕྱོགས་བསྡོམས་དང་། ཕྲུ་གུ་ཁྲིད་དེ་མཉམ་དུ་དབྱེ་ཞིབ་དང་ཕྱོགས་བསྡོམས། གཙོ་གནད་དམ་འཛིན། དམིགས་ས་ཡོད་པའི་སྒོ་ནས་བསྐྱར་སྦྱོང་དང་སྦྱོང་བརྡར་བཅས་བྱ་དགོས།
7.སློབ་སྦྱོང་དང་ངལ་གསོ་ཟུང་འབྲེལ་བྱ་རྒྱུར་དོ་སྣང་མི་བྱེད་པ།

     དེ་ལྟར་བྱས་ན་ཕྲུ་གུར་དཀའ་སྡུག་མྱོང་དུ་འཇུག་པ་མ་ཟད། ངལ་དུབ་དང་སེམས་ཁམས་ཀྱི་གནོན་ཤུགས་ཧ་ཅང་ཆེ་བའི་དབང་གིས། ཡར་བལྟས་ན་ཕྲུ་གུས་སློབ་སྦྱོང་ལ་འབད་བརྩོན་ཆེན་པོ་བྱེད་བཞིན་ཡོད་པ་འདྲ་ནའང། དོན་དངོས་སུ་ཕྲུ་གུ་ཐང་ཆད་ནས་ བསམ་གཞིགས་བྱེད་འགོར་བ་དང་ཕན་འབྲས་ཧ་ཅང་དམའ་བའི་སྣང་ཚུལ་ཐོན་སྲིད།  
     ཕྲུ་གུ་ཚོས་སློབ་སྦྱོང་དང་ངལ་གསོ་ཟུང་འབྲེལ་བྱ་རྒྱུར་དོ་སྣང་བྱས་ཏེ། ངལ་གསོ་རྒྱག་དགོས་ཚེ་ངེས་པར་དུ་ཕྲུ་གུ་ཚོར་ངལ་གསོ་རྒྱག་ཏུ་འཇུག་དགོས་པ་དང་། སློབ་སྦྱོང་བྱེད་དགོས་ཚེ་སློབ་སྦྱོང་བྱེད་དུ་འཇུག་པ། རྩེད་མོ་རྩེད་དགོས་ཚེ་རྩེད་མོ་རྩེད་དུ་འཇུག་པ་བཅས་བྱེད་དགོས། སློབ་སྦྱོང་དང་ངལ་གསོ་ཟུང་འབྲེལ་བྱེད་ཐུབ་ན། ད་གཟོད་དངོས་གནས་དྲང་གནས་ཀྱི་གྲུབ་འབྲས་ཇེ་མཐོར་གཏོང་ཐུབ།
     གོང་གསལ་གྱི་སློབ་སྦྱོང་སྐབས་ཕྲུ་གུར་ལྡན་པའི་གོམས་གཤིས་ངན་པ་དེ་དག་ཡོངས་ཁྱབ་ཏུ་གནས་པས། དེ་ནི་ཕྲུ་གུ་མང་ཆེ་བའི་སྦྱངས་འབྲས་མཐོ་རུ་འགྲོ་རྒྱུར་ཤུགས་རྐྱེན་ཐེབས་པའི་གནད་དོན་གཙོ་བོ་དེ་ཡིན།
     ཁྱིམ་བདག་ཚང་མས་རང་གི་ཕྲུ་གུར་དོ་སྣང་དང་ལྟ་ཞིབ་མང་ཙམ་བྱས་ཏེ། ཕྲུ་གུར་རང་ཉིད་ཀྱི་གནས་ཚུལ་དངོས་ཤེས་སུ་འཇུག་རོགས་བྱ་དགོས། དམིགས་ས་ཡོད་པའི་སྒོ་ནས་གནད་དོན་ཐག་གཅོད་བྱེད་པ་དེ་ནི་ཕྲུ་གུའི་སྦྱངས་འབྲས་ཇེ་མཐོར་གཏོང་བའི་ཐབས་མཆོག་ཡིན།



རྩོམ་ཡིག་རྗེས་མ།
༄༅།།མི་ཚེ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1