སི་ཁྲོན་གྱིས་ཚོགས་ཆེན་གཉིས་ཀྱི་ཚོགས་དུས་གཏན་འཁེལ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-30


        སྤྱི་ཟླ་5པའི་ཚེས་8ཉིན་ནས་ཚེས་11ཉིན་བར་སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་ཁྲེན་ཏུའུ་རུ་འཚོག་རྒྱུ་རེད།
        སྤྱི་ཟླ་4ཚེས་པའི་29ཉིན། སྲིད་གྲོས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་སྐབས་བཅུ་གཉིས་པའི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་30པའི་ཐོག །ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་དེ་2020ལོའི་ཟླ་5པའི་ཚེས་8ཉིན་ནས་ཚེས་11ཉིན་བར་ཁྲེན་ཏུའུ་རུ་འཚོག་རྒྱུ་དང་ཚོགས་ཡུན་ཉིན་4ཡིན་པ་གཏན་འཁེལ་བྱས།
 
གྲོས་རིམ་གཤམ་གསལ་ལྟར།
         གཅིག །སྲིད་གྲོས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་སྐབས་བཅུ་གཉིས་པའི་ལས་དོན་སྙན་ཞུར་གསན་རྒྱུ་མ་ཟད་གྲོས་ཞིབ་གནང་རྒྱུ།
         གཉིས། སྲིད་གྲོས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་སྐབས་བཅུ་གཉིས་པས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་གྱི་སྙན་ཞུ་ལ་གསན་རྒྱུ་མ་ཟད་གྲོས་ཞིབ་གནང་རྒྱུ།
        གསུམ། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་ནས་སྲིད་གཞུང་གི་ལས་དོན་སྙན་ཞུ་ལ་ཉན་རྒྱུ་དང་། སྲིད་གཞུང་གི་ལས་དོན་སྙན་ཞུ་དང་འཆར་གཞིའི་སྙན་ཞུ། སྔོན་རྩིས་སྙན་ཞུ། གཞན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་བཅས་ལ་གྲོས་བསྡུར་བྱ་རྒྱུ། 
        བཞི། སྲིད་གྲོས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་ཆོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་འབྱུང་རྒྱུ།
        ལྔ། སྲིད་གྲོས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞི་ཨུ་ཡོན་ལྷན་ཚོགས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞིའི་ཞིབ་བཤེར་གནས་ཚུལ་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་འབྱུང་རྒྱུ།
        དྲུག །མི་དོན་གནས་ཚུལ།
        སྤྱི་ཟླ་5ཚེས་པའི་9ཉིན་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོག་རྒྱུ་དང་ཚོགས་ཡུན་ཕལ་ཆེར་ཉིན་4ཡིན།
        སྤྱི་ཟླ་4ཚེས་པའི་29ཉིན། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚོགས་དུས་དང་འབྲེལ་བའི་བརྡ་ཐོ་ཡོངས་བསྒྲགས་བྱས་པ་རེད། 
        སྤྱི་ཟླ་5ཚེས་པའི་9ཉིན་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཁྲེན་ཏུའུ་རུ་འཚོག་རྒྱུ་དང་ཚོགས་ཡུན་ཕལ་ཆེར་ཉིན་4ཡིན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1