ཕྱི་འབྲེལ་པུས་ཨ་རིའི་དྲན་ཐོའི་ནང་ཀྲུང་གོར་མིང་ཆད་ངན་པ་བཟོས་པར་ལན་བསློགས་པ།

རྩོམ་སྒྲིག་པ། ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-06



     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་མི་སྣ་ཁག་གཅིག་གིས་ཨ་རིའི་འདེམས་བསྐོའི་ཆབ་སྲིད་ནང་ཀྲུང་གོ་འཇུག་གང་ཐུབ་བྱས་ཏེ། ཀྲུང་གོའི་སྐོར་གླེང་ནས་འདེམས་ཤོག་རག་ཐབས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ལ། ཨ་རིའི་མི་སྣ་ཁག་གཅིག་གིས་རིམས་ནད་ལ་ཁ་གཡར་ནས་ཀྲུང་གོར་ཚུར་རྒོལ་དང་མིང་ཆད་ངན་པ་བཟོས་ཏེ་ཀྲུང་གོ་ཕྱོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་བརྗོད།
     ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཚེས་24ཉིན་ཨ་རིའི་སྨྱན་སྦྱོར་ཐོག་སྤྱི་མཐུན་ཏང་གི་གྲོས་ཁང་གོང་མའི་གྲོས་མིའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་འགྲན་རྩོད་འདེམས་བསྐོའི་སྒྲིག་གཞིར་བསྐུར་བའི་དྲན་ཐོ་ཞིག་དམར་རྗེན་དུ་བཏོན་པ་དང་། ཤོག་ལྷེ་57ཙམ་ཡོད་པའི་དྲན་ཐོ་དེའི་ནང་སྤྱི་མཐུན་ཏང་གི་འོས་མིས“ཀྲུང་གོར་ཕར་རྒོལ་ཤུགས་ཆེན་བྱེད་པའི”ཐོག་ནས་རིམས་ནད་ཀྱི་ཉམས་ཉེན་ལ་ཁ་གཏད་འཇལ་དགོས་པའི་གྲོས་འགོ་བཏོན་ཡོད། དྲན་ཐོའི་ནང་གཙོ་རྒོལ་ཐབས་ལམ་གསུམ་ནན་བཤད་བྱས་པ་སྟེ། གཅིག་ནི“ཀྲུང་གོས་གནས་ཚུལ་ངོ་མ་གསང་པའི་རྐྱེན་གྱིས་ནད་དུག་མཆེད་ལུགས”སྐོར་དང་། གཉིས་ནི་དམངས་གཙོ་ཏང་གི་མི་སྣས“ཀྲུང་གོར་འཛིན་པའི་རྣམ་འགྱུར་ནན་པོ་མེད་ལུགས”སྐོར། གསུམ་ནི་སྤྱི་མཐུན་ཏང་གི་མི་སྣས་ཀྲུང་གོའི་རྐྱེན་གྱིས་རིམས་ནད་མཆེད་པ་མ་ཟད། ཀྲུང་གོར་བཀག་སྡོམ་ནན་པོ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་པའི་སྐོར་བཅས་ཡིན། དྲན་ཐོའི་ནང་ད་དུང་འཁོད་དོན། སྤྱི་མཐུན་ཏང་གིས་མིས་ཨ་རིའི་འདེམས་བསྐོ་ཆེན་པོའི་ཁྲོད་ཀྲུང་གོའི་གླེང་གཞི་མུ་མཐུད་འུད་སྒྲོག་བྱེད་སེམས་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལན་གང་ཞིག་རྒྱག་རྩིས་ཡོད་དམ་ཞེས་གསར་འགོད་པ་ཞིག་གིས་དྲིས་པར།
     “ཨ་རིའི་ཆབ་སྲིད་ཕྱོགས་གཏོགས་ཁག་གཅིག་གིས་རྟག་ཏུ་ཐབས་རྒྱ་ཇུས་སྟོང་ངང་རིམས་ནད་ལ་ཁ་གཡར་ནས་ཀྲུང་གོར་ཚུར་རྒོལ་དང་མིང་ཆད་ངན་པ་བཟོ་དགོས་དོན་གང་ཡིན་ནམ་ཞེ་ན། དེ་ནི་ངས་ཤོད་མི་དགོས་པར་ཚང་མས་ཧ་གོ་དོན་གསལ་རེད”ཅེས་ཀེང་ཧྲོང་གིས་བརྗོད།
     “ཨ་རི་ཕྱོགས་ཀྱིས་ཁ་གདངས་ཚད་ལ‘ཀྲུང་གོས་ཆ་འཕྲིན་རྫུས་མ་སྤེལ་གྱི་འདུག’ཅེས་ཟེར་བ་དང་། གལ་སྲིད་གནས་ཚུལ་གསལ་པོ་ཡིན་ཚེ་ང་ཚོས་ཁྱེད་ཚོར་འདྲི་རྒྱུར། ཡང་སྙིང་སུས་ཆ་འཕྲིན་རྫུས་མ་སྤེལ་གྱི་ཡོད་དམ”
     ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་མི་སྣ་ཁག་གཅིག་གིས་ཨ་རིའི་འདེམས་བསྐོའི་ཆབ་སྲིད་ནང་ཀྲུང་གོ་འཇུག་གང་ཐུབ་བྱས་ཏེ། ཀྲུང་གོའི་སྐོར་གླེང་ནས་འདེམས་ཤོག་རག་ཐབས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ལ། ཨ་རིའི་མི་སྣ་ཁག་གཅིག་གིས་རིམས་ནད་ལ་བརྟེན་ནས་ཀྲུང་གོར་ཚུར་རྒོལ་དང་མིང་ཆད་ངན་པ་བཟོས་ཏེ་ཀྲུང་གོ་ཕྱོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1