དབུལ་སྒྲོལ་བྱུང་ནས་བདེ་སྐྱིད་འཚོ་བར་རོལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 05-06





          སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་ཚེ་མགོན་ཤང་སྨར་ཁམས་གྲོང་ཚོའི་པད་མ་དར་རྒྱས་ནང་མི་ཚོས་གཟབ་མཆོར་ལེགས་པར་སྤྲས་ཤིང་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་གསར་དུ་བརྒྱབ་པའི་སྡོད་ཁང་གི་མདུན་དུ་དྲན་རྟེན་པར་བརྒྱབ་པ་རེད།
          པར་རྒྱག་མཁན་གྱི་མིང་ལ་ཐའོ་ཅུན་ཟེར་བ་དེ་སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་སློབ་ཆེན་གྱིས་ལི་ཐང་རྫོང་དུ་མངགས་པའི་དབུལ་སྐྱོར་ལས་བྱེད་པ་ཞིག་རེད། ཟླ་འདི་གཉིས་ནང་། ཁོང་གིས་སྨར་ཁམས་གྲོང་ཚོའི་ཁྱིམ་ཚང་ཚང་མར་བསྐྱོད་དེ་ནང་མི་མཉམ་འཛོམས་ཀྱི་པར་རྒྱག་པའི་ལས་ལ་བྲེལ། གྲོང་སྡོད་བྱས་པའི་ལོ་གཉིས་ནང་། རྒྱུན་དུ་པར་རྒྱག་རྒྱུར་དགའ་བའི་ཁོང་གིས་གྲོང་ཚོའི་རྣམ་པར་ཉིན་བཞིན་འགྱུར་ལྡོག་འགྲོ་བ་མཐོང་བས། ཁོང་ལ་གྲོང་མི་རྣམས་དབུལ་སྒྲོལ་བྱུང་རྗེས་ནང་མི་མཉམ་འཛོམས་ཀྱི་པར་རྒྱག་རྒྱུའི་བསམ་བློ་འཁོར།
          སྨར་ཁམས་གྲོང་ཚོ་དེ་ས་བབ་མཐོ་ཚད་སྨི་4200ལྷག་ཙམ་ཡོད་པའི་མཐོ་གྲང་འབྲོག་ཁུལ་དུ་ཡོད་ཅིང་། ལོ་དེ་དག་རིང་དབུལ་སྐྱོར་ལས་བྱེད་པ་དང་གྲོང་མི་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག 2019ལོའི་ལོ་འཇུག་ཏུ་གྲོང་ཚོའི་དབུལ་ཞྭ་ཕུད་ཡོད། ད་ཆ་སྨར་ཁམས་གྲོང་ཚོ་དེ་འགྲོ་ལམ་ཡངས་པ་དང་སྒོ་ར་དང་ཐང་ཆེན་འཁོད་སྙོམས་ལ། ལམ་ཟུར་དུ་གཙང་སྦྲ་ལྡན་པའི་གསང་སྤྱོད་དང་གྲོང་ཚོར་ད་དུང་ཆུ་ཀ་ལ་འཁྲིད་ཡོད་པས། འཐུང་ཆུར་སེམས་ཁྲལ་བྱེད་དགོས་མེད། གྲོང་ཚོ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་རྣམས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”བདེ་བླག་ངང་མངོན་འགྱུར་བྱུང་བ་མ་ཟད། ཁྱིམ་ཚང་གི་ཡོང་འབབ་ཀྱང་བརྟན་པོའི་ངང་འཕར་ཡོད་པ་རེད།
          པར་ཆས་ཀྱི་མདུན་དུ། སྔོན་མའི་དུད་ཚང་དབུལ་པོ་འཇམ་དབྱངས་སྒྲོལ་མ་ཁྱོ་ཤུག་གཉིས་དང་ཕྲུ་གུ་རང་ཁྱིམ་གྱི་ཚོང་ཁང་ཆུང་ཆུང་དེའི་མདུན་དུ་ལངས་ནས་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་འདུག དེ་སྔོན་མ་ཁོང་ལ་ནད་གཞི་ཕོག་ནས་སྨན་ཁང་བསྟེན་པར་བུ་ལོན་མང་པོ་ཟུག་པས། ཁྱིམ་ཚང་འཚོ་བ་དབུལ་བར་བརྟེན། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས། གྲོང་སྡོད་ལས་དོན་རུ་ཁག་སྨར་ཁམས་གྲོང་ཚོར་བཅའ་སྡོད་བྱས་རྗེས། ཁོང་ལ་སློབ་གསོའི་དབུལ་སྐྱོར་དང་། སྨན་བཅོས་རོགས་སྐྱོབ། སྐྱོབ་གསོ་སོགས་དམངས་ཕན་མ་དངུལ་ལེན་རྒྱུ་ཡོད་པས།ཁོ་མོའི་འཚོ་བའི་ཆ་རྐྱེན་རིམ་བཞིན་ལེགས་སུ་ཕྱིན་པ་རེད།
          ཁོ་མོའི་སྡོད་ཁང་རྒྱལ་ལམ་227འགྲམ་དུ་ཡོད་པར་བརྟེན། གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་རོགས་རམ་འོག་ཚོང་ཁང་ཆུང་ཆུང་ཞིག་བརྒྱབ་སྟེ། ཡུལ་སྐོར་བ་དང་གྲོང་མིར་དངོས་ཟོག་རྩག་རྩིག་འཚོང་འགོ་བཙུགས། འཇམ་དབྱངས་སྒྲོལ་མས་གསར་འགོད་པར། ཚོང་ཡག་དུས་ཉིན་རེར་སྒོར་བདུན་བརྒྱ་བརྒྱད་བརྒྱ་ཡོང་བ་དང་རྒྱུན་དུ་ཉིན་རེར་སྒོར་བརྒྱ་ཉིས་བརྒྱ་ཡོང་གི་འདུག་ཅེས་བརྗོད་བྱུང་། སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་སློབ་ཆེན་གྱི་ཆ་སྒྲིག་རོགས་རམ་འོག་ཁོང་གི་སྡོད་ཁང་ཉམས་བཟོ་བྱས་པ་མ་ཟད། གོས་འཁྲུའི་འཕྲུལ་འཁོར་དང་། དྲོད་ལེན་སྒྲོག་རྩེ། བོད་ལུགས་ཁྱིམ་ཆས། སྲིང་བལ་གྱི་གྱོན་ཆས་དང་མལ་ཆས་བཅས་སྤྲད་པ་རེད།
          “རྒན་ཐའོ་ལགས། ང་ཚོ་ནང་མི་ཚང་མར། པར་ཡག་པོ་ཞིག་རྒྱག་རོགས”ཞེས་མིག་ཤེལ་ནག་པོ་བཏགས་པའི་གྲོང་མི་འཇམ་དབྱངས་བསོད་ནམས་ཀྱིས་ཆོབ་དང་བཅས་བཤད། 2018ལོར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱས་རྗེས། ནང་མི་བཞི་ཡོད་པའི་འཇམ་དབྱངས་བསོད་ནམས་འབྲོག་ཁུལ་ནས་ད་ལྟའི་སྡོད་ཁང་གསར་པར་སྤོས་པ་རེད།
          བོད་བཟོའི་སྡོད་ཁང་དག་རྟ་བདུན་ཉི་འོད་ཁྲོད་དེ་བས་བཀྲག་མདངས་འཚེར་ནས་འདུག་ལ། རྒྱལ་ལམ་227ལམ་རྒྱུད་ཀྱི་མཛེས་ལྗོངས་ཁུལ་ལ་གྱུར། ལུའུ་ཅུན་གྱིས་པར་རྒྱག་བཞིན་དུ་ད་ཆ་གྲོང་ཚོ་དབུལ་སྒྲོལ་བྱུང་ཡོད་ཀྱང་། ཚང་མས་སྔར་བཞིན་ཁྱིམ་གཞིས་དེ་བས་མཛེས་སྡུག་ལྡན་པ་ཞིག་བསྐྲུན་ཆེད་མུ་མཐུད་འབད་བརྩོན་བྱ་རྒྱུའི་སེམས་ཤུགས་འདུག་ངས་ཀྱང་མུ་མཐུད་པར་རྒྱག་རྒྱུ་ཡིན་ཅེས་བརྗོད་བྱུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1