རྫ་ཆུའི་ངོགས་སུ་སྔོ་ཚལ་བཏབ་ནས་དབུལ་སྒྲོལ་ཡོང་བར་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་ཚགས། སྤེལ་དུས། 05-06


འདི་ནི་ཡུལ་མིས་དྲོད་ཁང་ཆེ་མོའི་ནང་ལས་ལ་བྲེལ་བཞིན་པ།
          ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་གིས་སྔོ་ཚལ་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས། གྲོང་ཚོར་སྔོ་ཚལ་དང་ཤིང་འབྲས་བཏབ་པ་དག་སྨར་ཁམས་རྫོང་གི་སློབ་གྲྭ་འབྲིང་ཆུང་གི་ཟ་ཁང་ལ་མཁོ་སྤྲོད་བྱས་པ་མ་ཟད། སྨར་ཁམས་རྫོང་གི་མང་ཚོགས་ལ་སྤུས་ཀ་ལེགས་པའི་སྔོ་ཚལ་མཁོ་སྤྲོད་ཀྱང་བྱས་པས་ས་གནས་དེ་གའི་མང་ཚོགས་དབུལ་སྒྲོལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད། དེའི་ཁྲོད་རྒྱབ་ཤོད་གྲོང་ཚོའི་སྔོ་ཚལ་རྟེན་གཞིར་ས་ཁྱོན་མུའུ་193ཟིན་པ་ལས་དྲོད་ཁང་ཆེ་མོ་256བསྐྲུན་པས་དུད་ཚང་8ཀྱི་ཡུལ་མིའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཐུབ་ནས་ན་ནིང་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་3.6བྱུང་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1