གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༠༦ཉིན།

རྔ་བ་ཁུལ་ནས་ཏང་ནང་གི་འགན་འཁྲི་རྩད་གཅོད་ཀྱི་གནད་དོན་5དམར་འདོན་བྱས་པ།


     ཀྲུང་གུང་རྔ་བ་ཁུལ་སྒྲིག་ཨུད། རྔ་བ་ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཏང་ནང་གི་འགན་འཁྲི་རྩད་གཅོད་ཀྱི་དཔེ་མཚོན་གནད་དོན་ཁག་5ཡོངས་བསྒྲགས་དམར་འདོན་བྱས་ཏེ།
     1. ཁྲོ་ཆུ་རྫོང་བསྡོམས་རྩིས་ཅུས་ཀྱི་དེ་སྔའི་ཅུས་ཀྲང་ལུའུ་དབྱིང་ཞུས་ཀྱིས་འགན་འཁྲི་ལྷུར་པོ་མ་བྱུང་བས་སྡེ་ཚན་དེ་ག་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་བྱུང་བཅུག   2012ལོ་ནས་2017ལོའི་ཟླ་དང་པོའི་བར། ལུའུ་དབྱིང་ཞུས་ཀྱིས་རྫོང་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་བྱེད་རིང་། རྫོང་བསྡོམས་རྩིས་ཅུས་ཀྱིས་སྒྲིག་འགལ་ངང་སྡེ་ཚན་གྱི་ལས་བཟོ་བ་རྩ་འཛུགས་བྱས་ནས་གཞུང་དངུལ་སྤྱད་དེ་ཡུལ་སྐོར་བྱས་པ་དང་། སྒྲིག་འགལ་ངང་ཁ་གསབ་སྣ་ཚོགས་ཀྱི་མིང་ཐོག་ནས་སྡེ་ཚན་གྱི་ལས་བཟོ་བར་ཁྱོན་སྒོར་ཁྲི་52.8ཀྱི་ཁ་གསབ་སྤྲད་པ་དང་། སྒྲིག་འགལ་ངང་སྣེ་ལེན་འགྲོ་གྲོན་སྒོར་ཁྲི་14.4རྩིས་ཞུ་བྱས་པ་རེད། ལུའུ་དབྱིང་ཞུས་ནི་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོ་ཡིན་པའི་ངོས་ནས་འགོ་ཁྲིད་ཀྱི་འགན་འཁྲི་གལ་ཆེན་འཁུར་ཡོད། 2019ལོའི་ཟླ་7པར། ལུའུ་དབྱིང་ཞུས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བ་དང་སྲིད་དོན་མེད་པར་བཟོ་བའི་ཆད་པ་བཅད་པ་རེད། སྒྲིག་འགལ་གྱི་ཐོབ་ཆ་ཚང་མ་རྩིས་ལེན་བྱས་ཡོད། 
     2. རྔ་བ་རྫོང་གཅའ་རོ་གྲོང་རྡལ་ཏང་ཨུད་ཧྲུའུ་ཅི་གཞོན་པ། གྲོང་རྡལ་འགོ་འཛིན་ཚའེ་ཞང་ཡུས་ཀྱིས་དབུལ་སྒྲོལ་རྣམ་གྲངས་ལག་བསྟར་བྱེད་རིང་འགན་འཁྲི་ཡང་དག་མ་སྒྲུབ་པའི་གནད་དོན་བྱུང་། 2018ལོའི་ཟླ་6པར། གཅའ་རོ་གྲོང་རྡལ་ར་རོ་གྲོང་ཚོས་འབྲི་གཡག་དུད་སྦྲེལ་གསོ་ཚགས་རྣམ་གྲངས་ལག་བསྟར་བྱས་པ་དང་། ཟླ་8པར་གཅའ་རོ་གྲོང་རྡལ་ཚོ་འདུ་རོ་གྲོང་ཚོས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ཀྱི་ཕྱུགས་རྩྭ་སྤུས་ལེགས་འདེབས་འཛུགས་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་ལག་ལེན་བསྟར་བ་རེད། ཚའེ་ཞང་ཡུས་ཀྱིས་འགན་འཁྲི་ལག་བསྟར་ཡང་དག་མ་བྱས་པའི་རྐྱེན་གྱིས་གོང་གསལ་གྱི་རྣམ་གྲངས་དེ་གཉིས་སྒྲུབ་རིང་རྣམ་གྲངས་ཡོངས་བསྒྲགས་ཀྱི་དུས་ཚོད་དང་། འབྲི་གཡག་གི་གྲངས་འབོར། ཚོང་པའི་རུས་མིང་སོགས་ཀྱི་ནང་དོན་དོན་དངོས་དང་མི་མཐུན་པར་དངུལ་སྨར་དོ་དམ་གྱི་གཏན་འབེབས་དང་འགལ་བ་དང་། མ་དངུལ་བེད་སྤྱོད་ཀྱི་འབྲེལ་ཡོད་རྩིས་ཐོ་བཟོས་མེད་པ་སོགས་ཀྱི་གནད་དོན་མང་པོ་ཐོན་པས། རྫོང་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད། 2019ལོའི་ཟླ་10པར་ཚའེ་ཞང་ཡུས་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད། 
     3. གཟི་ཚ་སྡེ་དགུ་རྫོང་ལས་ཞུགས་ཅུས་ཀྱི་དེ་སྔའི་ཅུས་ཀྲང་ཧུའུ་ཞུའེ་དབྱིང་ལ་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་མི་འདང་བའི་གནད་དོན་བྱུང་། 2006ལོའི་ཟླ་11པ་ནས་2016ལོའི་ཟླ་12པའི་བར། ཧུའུ་ཞུའེ་དབྱིང་གིས་རྫོང་ལས་ཞུགས་ཅུས་ཀྱི་ཅུས་ཀྲང་བྱེད་རིང་། མི་བཟང་རིང་ལུགས་དང་མི་དགའ་དགའ་མདོག་བྱས་ནས་སྡེ་ཚན་གྱི་ལས་དོན་མི་སྣ་གཉིས་ཀྱིས་མི་གཞན་ལ་ལས་ཤོར་འགན་བཅོལ་གྱི་རྒུད་སྐྱོབ་མ་དངུལ་གཡོ་ལེན་བྱེད་རོགས་དང་། གཞུང་དངུལ་ལྐོག་ཟ་སོགས་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་ལ་ལྟ་ཞིབ་ཡག་པོ་མ་བྱུང་བར་མཇུག་འབྲས་ཚབས་ཆེན་བཟོས་ཡོད། ཧུའུ་ཞུའེ་དབྱིང་ལ་ད་དུང་སྒྲིག་འགལ་གྱི་གནད་དོན་གཞན་དག་ཡོད། 2019ལོའི་ཟླ་11པར་ཧུའུ་ཞུའེ་དབྱིང་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་རེད།
     4.མཛོད་དགེ་རྫོང་དེ་སྔའི་རྒྱལ་ཁོངས་ཐོན་ཁུངས་ཅུས་ཀྱི་ཅུས་ཀྲང་ཡེ་ཤེས་རྒྱ་མཚོར་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་གནད་འགག་དམ་འཛིན་ལེགས་པོ་བྱས་མེད་པའི་གནད་དོན་བྱུང་། 2015ལོ་ནས་2017ིལོ་བར། ས་ཁང་བདག་ཁོངས་ཀུང་སི་ག་གེ་མོས་མཛོད་དགེ་རྫོང་དུ“དཔེ་ཀློག་ཁྱིམ་གཞིས”ཀྱི་ས་ཁང་བདག་ཁོངས་རྣམ་གྲངས་གསར་སྤེལ་བྱེད་པའི་བརྒྱུད་རིམ་ནང་། དེ་སྔའི་རྫོང་རྒྱལ་ཁོངས་ཐོན་ཁུངས་ཅུས་ཀྱིས་གསར་སྤེལ་ཚོང་པར་འབྲེལ་ཡོད་དཔྱད་ཡིག་མེད་པའི་གནས་ཚུལ་འོག་སྒྲིག་འགལ་ངང་དེའི་ཁྲོད་ཀྱི་ཚོང་སྒྱུར་ཁང་པ་ཞིག་ལ་ཚོང་ལས་ཐད་སྤྱོད་པའི་ས་ཆ་སྤྱོད་དབང་གི་ལག་ཁྱེར་སྤྲད་ནས་ས་ཆ་སྤྱོད་པའི་ངོ་བོ་བསྒྱུར་ཡོད། ཡེ་ཤེས་རྒྱ་མཚོ་དེ་སྔའི་རྫོང་རྒྱལ་ཁོངས་ཐོན་ཁུངས་ཅུས་ཀྱི་ཅུས་ཀྲང་ཡིན་པའི་ངོས་ནས། ལྟ་སྐུལ་དོ་དམ་བྱེད་ཤུགས་མི་འདང་བ་དང་ཞིབ་བཤེར་གཏན་འབེབས་ཀྱི་འགག་སྒོ་ནན་པོ་སྲུང་མེད་པའི་གནད་དོན་ཡོད། 2019ལོའི་ཟླ་8པར་ཡེ་ཤེས་རྒྱ་མཚོར་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།
     5. ཁྱུང་མཆུ་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི། ཅུས་ཀྲང་ཀྲང་ཁྲང་ཧྭ་ཡིས་རྣམ་གྲངས་འཛུགས་སྐྲུན་ལ་ལྟ་སྐུལ་དོ་དམ་ཡག་པོ་མ་བྱས་པའི་གནད་དོན་བྱུང་། 2017ལོའི་ཟླ་5པར། ཁྱུང་མཆུ་རྫོང་མ་བུ་འཕྲོད་སྦྱོར་ཁང་གིས་ལས་སྒོའི་ཐད་སྤྱོད་པའི་ཁང་པའི་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་བྱས། གོ་རིམ་ལྟར་ཡུལ་དངོས་སུ་ཞིབ་བཤེར་གཏན་འབེབས་དང་སྙན་སེང་གྲ་སྒྲིག་བྱས་མེད་པ་དང་། རང་འདོད་ངང་ཚད་འཕར་ལས་གྲྭ་ལག་ལེན་བསྟར་བ་མ་ཟད། ལས་གྲྭའི་འཕར་ཚད་དེ་ལས་གྲྭའི་ཚོད་འཛིན་རིན་གོང་ལས་བརྒལ་ནས་ལས་གྲྭ་འཛུགས་སྐྲུན་གྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་ཡོད་པ་རེད། ཀྲང་ཁྲང་ཧྭ་རྣམ་གྲངས་འཛུགས་སྐྲུན་སྡེ་ཚན་དེའི་འགན་འཁུར་བ་གཙོ་བོ་ཡིན་པའི་ངོས་ནས་དེར་འགོ་ཁྲིད་ཀྱི་འགན་གཙོ་བོ་འཁུར་ཡོད། 2019ལོའི་ཟླ་7པར་ཀྲང་ཁྲང་ཧྭ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1