༄༅།།པར་མིག་གི་ལམ་ནས་མཛེས་པའི་བོད་ཁུལ་མངོན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-06


པར་མིག་གི་ལམ་ནས་མཛེས་པའི་བོད་ཁུལ་མངོན། 

—— ཧུའུ་ཐིང་ཧུའེ་ཡི་པར་ལེན་བརྩམས་ཆོས་བདམས་བཀོད།

        ཧུའུ་ཐིང་ཧུའེ་ནི་ཀྲུང་གོའི་པར་པ་མཐུན་ཚོགས་ཀྱི་ཚོགས་མི་དང་། སི་ཁྲོན་ཞིང་ཆེན་པར་པ་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་ཁུལ་པར་པ་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན་ལ། དེ་མིན་སི་ཁྲོན་བརྙན་རིས་ཚགས་པར་གྱི་གན་འཇོག་པར་པ་དང་། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་གན་འཇོག་པར་པ་ཡིན། པར་པ་ཁོང་ཉིད་ཀྱིས་ས་མཐོའི་མཛེས་ལྗོངས་པར་ལེན་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་དངོས་བྲིས་པར་ལེན་ལ་ཐུན་མིན་གྱི་གོ་བ་ལེན་སྟངས་ཡོད། ལྷག་པར་དུ་པར་ལེན་ལག་རྩལ་དང་སྒྲིག་བཟོའི་ཐད་ནས་སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་ཤིང་། དཀར་མཛེས་ཁུལ་གྱི་པར་ལེན་སློབ་ཁྲིད་ནས་ཐེངས་མང་པོར་གདེང་འཇོག་ཆེན་པོ་ཐོབ། དེ་ཡང་ད་ལྟའི་བར་དུ་རྒྱལ་ཡོངས་དང་ཞིང་ཆེན། ཁུལ་དང་ས་གནས་རང་བཞིན་གྱི་བྱ་དགའ་དུ་མ་བླངས་ཡོད་པ་དང་། ཁོང་གི་ཚབ་མཚོན་བརྩམས་ཆོས་ལ་《སྦྲ་གུར་བཟོ་བ།》དང་《ལྕགས་ཟམ་ཁ།》《གནས་རི་འཇམ་པའི་དབྱངས་ཀྱི་ཞོགས་ཀ》སོགས་ཡོད་པ་རེད། 


 ཞོགས་ཀའི་ཉི་ཟེར། 


ལ་ཁའི་ཉི་མ། 

གཞིས་ཁྱིམ་དྲོན་མོ། 

གོས་དཀར་ཀླུབས་པའི་ལྷུན་པོ།

 འབྲོག་ཐང་། 

ལི་ཆུ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1