༄༅།།བྱིས་པར་སྨན་ལྡུད་དུས་འདི་དག་ལ་ཡིད་གཟབ་གནང་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་བོད་སྐད་རླུང་འཕྲིན། སྤེལ་དུས། 05-06




        2016ལོའི་བྱིས་པའི་སྨན་བཀོལ་བའི་བདེ་ཐང་སྐོར་གྱི་ཞིབ་འཇུག་སྙན་ཞུ་ཞིག་ཏུ། རང་རྒྱལ་ལ་ལོ་རེར་སྨན་སྤྱོད་སྟངས་མ་འགྲིག་པའི་དབང་གིས་རྣ་བ་འོན་པར་གྱུར་པའི་བྱིས་པ་ཁྲི་3ལྷག་དང་ཚེ་ལས་འདས་པའི་བྱིས་པ་སྟོང་7ལྷག་ཟིན་ཡོད་ལ། ད་དུང་སྨན་སྤྱོད་སྟངས་མ་འགྲིག་པས་བྱིས་པའི་གློ་བ་དང་མཁལ་མ། ཀླད་པ་སོགས་ལ་གནོད་པ་བྱུང་པའི་གྱོན་དོན་མི་ཉུང་བ་ཞིག་བྱུང་དང་འབྱུང་བཞིན་ཡོད།
 བྱིས་པར་རང་གི་ལོ་ཚད་ལས་བརྒལ་པའི་སྨན་བླུད་མི་རུང་། 
         ཆེད་མཁས་པ་རྣམས་ཀྱིས་བྱིས་པར་ལོ་ཚད་ལས་བརྒལ་པའི་སྨན་འཐུང་དུ་འཇུག་མི་རུང་ཟེར།རྒྱུ་མཚན་ནི་བྱིས་པའི་དོན་ལྔ་སྣོད་དྲུག་དང་དབང་པོ་སོགས་འཚར་ལོངས་འབྱུང་བཞིན་པའི་སྒང་རེད། ད་དུང་བྱིས་པ་དང་དར་མིའི་དབར་གཟུགས་པོའི་ལྕི་ཡང་དང་གཟུགས་སྟོབས་ཀྱི་ཁྱད་པར་ཡོད་པས། གལ་ཏེ་བྱིས་པར་རང་གི་ལོ་ཚད་ལས་བརྒལ་པའི་སྨན་བླུད་ན་རྣ་བ་འོན་པར་གྱུར་པ་དང་གློ་བ་དང་མཁལ་མ། ཀླད་པ་སོགས་ལ་གནོད་པ་ཆེན་པོ་འབྱུང་སྲིད། དེ་མ་ཟད་བྱིས་པ་ལ་ལས་མི་དར་མའི་སྨན་འཐུང་ནས་རང་གི་ཚེ་སྲོག་ཡང་ཤོར་པའི་གནས་ཚུལ་མཐོང་རྒྱུ་ཡོད་འདུག  དེ་བས་ཁྱིམ་བདག་རྣམས་ཀྱིས་ཡིད་གཟབ་གནང་དགོས་འདུག  

ཤིང་ཏོག་གི་ཁུ་བ་སོགས་བཀོལ་ནས་སྨན་ལྡུད་མི་རུང་།
        བྱིས་པར་སྨན་ལྡུད་དུས་ཤིང་ཏོག་གི་ཁུ་བ་སོགས་བཀོལ་ནས་སྨན་བླུད་པ། ཡང་ན་སྨན་གྱི་ནང་ཀ་ར་བསྲེས་ནས་འཐུང་དུ་འཇུག་མི་ཉན། ཁྱིམ་བདག་ལ་ལས་བྱིས་པས་སྨན་ཡག་པོ་འཐུང་པའི་ཆེད་དུ། ཤིང་ཏོག་གི་ཁུ་བ་སོགས་སམ་ཡང་ན་ཀ་ར་བསྲེས་ནས་བྱིས་པར་སྨན་ལྡུད་པའི་བྱེད་སྟངས་འདི་དག་ནོར་འཁྲུལ་རེད།  རྒྱུ་མཚན་ནི་ཤིང་ཏོག་གི་ཁུ་བ་ཡིས་སྨན་ནུས་ཉམས་པར་བྱས་ནས་ནད་ལ་ཕན་ནུས་ཇེ་ཆུང་འགྱུར་བར་བྱེད་པ་མ་ཟད། ད་དུང་ཀ་ར་དང་སྨན་སྣ་ཁ་ཤས་མཉམ་དུ་འདྲེས་ནས་རྫས་འགྱུར་གྱི་ནུས་པ་བྱུང་ནས་བྱིས་པའི་ལུས་པོ་ལ་གནོད་པ་སྐྱེལ་སྲིད། 

སྨན་གྱི་ཤུན་ལྤགས་བཤུས་ནས་ལྡུད་མི་རུང་།
        སྤྱིར་བཏང་ཤུན་ལྤགས་ཡོད་པའི་སྨན་ལ་ཟུག་གསེར་རང་བཞིན་ལྡན་པས། གལ་ཏེ། སྨན་གྱི་ཤུན་ལྤགས་བཤུས་ནས་བྱིས་པར་བྱིན་ན་བྱིས་པའི་ཕོ་བ་དང་མིད་པ་ལ་ཟུར་གཟེར་བརྒྱབ་ནས་གནས་ཚུལ་ངན་པ་འབྱུང་སྲིད། 

བཙན་ཤེད་ཀྱིས་སྨན་ལྡུད་པའམ་ཡང་ན་ཕྲུ་གུ་གཉིད་དུས་སྨན་ལྡུད་མི་རུང་།
        བྱིས་པས་སྨན་འཐུང་མི་འདོད་པའི་སྐབས་སུ་བཙན་པོའི་སྒོ་ནས་སྨན་བླུད་ན་གློ་ཡུ་ནང་སྨན་འགག་པའི་ཉེན་ཁ་ཆེ། དེ་མིན་ད་དུང་བྱིས་པའི་དབང་རྩའི་མ་ལག་ད་དུང་འཐུས་ཚང་དུ་གྱུར་མེད་པས། གལ་ཏེ་གཉིད་ཁུག་པའི་སྐབས་སུ་སྨན་བླུད་ན། བྱིས་པའི་མིད་པ་རྩ་འཁུམ་པའི་ཉེན་ཁ་ཆེ། 

སྨན་པས་བཀོད་སྒྲིག་ལ་མི་ཉན་པ། 
        ཁྱིམ་བདག་འགའ་རེས་ཕྲུ་གུའི་ནད་གཞི་ལེགས་སུ་འགྲོ་སྐབས། རང་འགུལ་གྱིས་སྨན་འཐུང་མཚམས་བཞག་པ།     ཡང་ན་མི་ལ་ལས་ནད་ཡག་པོ་དྲག་མི་འདུག་བསམ་ནས་རང་འགུལ་གྱིས་སྨན་བཅོས་ཀྱི་དུས་ཡུན་ཇེ་རིང་བཏང་པ།    བྱེད་སྟངས་དེ་དག་ཚང་མ་ནོར་འགྲུལ་རེད།  སྨན་བཅོས་བྱེད་རིང་སྨན་པའི་ཁ་ཏ་ལྟར་ལག་བསྟར་ནན་པོ་བྱ་དགོས། 


རྩོམ་ཡིག་སྔོན་མ།
༄༅།།དྲོད་སྙོམ།
རྩོམ་ཡིག་རྗེས་མ།
དེ་རིང་གི་གནས་ཚུལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1