གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༠༧ཉིན།

ཨ་རིར་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི་120ལས་བརྒལ་བ།


     ཨ་རིའི་གཡོད་ཧན་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་5ཉིན་ཁྱབ་བསྒྲགས་བྱས་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། ཨ་རིར་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི་120ལས་བརྒལ་ཡོད་པ་རེད།
     ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས་5ཉིན་གྱི་ཆུ་ཚོད་18(པེ་ཅིང་གི་དུས་ཚོད་ཚེས་6ཉིན་གྱི་ཆུ་ཚོད་6པ)ཐོག་འདྲི་རྩད་བྱས་པའི་གྲངས་གཞིར་གཞིགས་ན། ཨ་རིར་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་བྱུང་བའི་ནད་དཔེ་1201337བར་འཕར་བ་དང་།   ཚེ་འདས་ནད་དཔེ་70646ཟིན་པས། གཏན་འཁེལ་བྱུང་བའི་ནད་དཔེ་དང་ཚེ་འདས་ནད་དཔེ་ཚང་མ་གོ་ལ་ཧྲིལ་པོའི་ཐོག་མང་ཤོས་ཡིན་པ་རེད།
     གྲངས་གཞི་ལས་མངོན་པར་གཞིགས་ན། ཉིའུ་གཡོད་མངའ་སྡེ་ནི་ཨ་རིར་ཐོན་པའི་རིམས་ནད་ཚབས་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་དང་། རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་321192ཟིན་པ་དང་། ཚེ་འདས་ནད་དཔེ་25073ཟིན་ཡོད་པ་རེད། ཤིན་ཙེ་ཤིས་མངའ་སྡེར་རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་130593ཟིན་པ་དང་། ཚེ་འདས་ནད་དཔེ་8244ཟིན་ཡོད། གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི་5ལས་བརྒལ་བའི་མངའ་སྡེ་ད་དུང་མ་ས་ཀྲུའུ་སའེ་མངའ་སྡེ་དང་། དབྱི་ལི་ནུའོ་དབྱི་མངའ་སྡེ། ཅ་ལི་ཕུའུ་ཉི་ཡ་མངའ་སྡེ། པིན་ཤིས་ཧྥ་ཉི་ཡ་མངའ་སྡེ་བཅས་ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1