ང་ཚོ་དུས་ཆེན་སྐྱིད་པོ་གཏོང་རྒྱུ་ཡོད་པ་ཁོང་ཚོའི་བཀའ་དྲིན་ལོས་ཡིན།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 05-07



         མི་མང་པོའི་ངོས་ནས་བརྗོད་ན“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ནི་དགའ་དགའ་སྤྲོ་སྤྲོའི་ངང་ངལ་གསོ་བའི་དུས་ཚོད་ཅིག་ཡིན་མོད། འོན་ཀྱང་མི་འགའ་རེའི་ངོས་ནས་བརྗོད་ན། ཉིན་འདི་དག་རིང་རྒྱུན་གཏན་ལྟར་དཀའ་སྤྱད་འབད་བརྩོན་བྱེད་དགོས་པ་སྟེ། གྲོང་ཁྱེར་གྱི་ཁྲོམ་གཞུང་གང་ས་དང་།  རིམས་འགོག་གི་འཐབ་ས་དང་པོ། བྲེལ་འཚུབ་ཀྱིས་ཁེངས་པའི་ལས་གྲྭ ཞིང་ཁ་སོགས་ལ་ངལ་རྩོལ་བ་མང་པོས་སྐད་གྲགས་མེད་པར་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད་པ་དང་ཁོ་ཚོས་རང་རང་སོ་སོའི་ལས་གནས་སུ་འབད་བརྩོན་ལྷོད་མེད་ཀྱིས་ཁྱིམ་ཚང་དང་སྤྱི་ཚོགས་ལ་དྲོ་སྐྱིད་སྦྱིན་བཞིན་ཡོད། 

         ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་འབྲོམ་ཐོད་ཤང་ཡེར་པ་གྲོང་ཚོའི་གྲོང་མིས་འགྱིག་ཤོག་དྲོད་ཁང་དུ་རྩ་ངན་འགོག་བཞིན་པ།
         ཟླ་4ཚེས་30ཉིན་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གི་གཞོན་ནུ་ལས་བྱེད་ལས་བཟོ་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚེ་སྨོན་གླིང་སྡེ་ཁུལ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་ལས་བཟོས་གྲོང་མི་དང་མཉམ་དུ་ཁྲོམ་གཞུང་དུ་གད་ཕྱིས་རྒྱག་བཞིན་པ།

         བོད་རང་སྐྱོང་ལྗོངས་དུས་རབས་ལས་སྒྲོལ་བའི་རིག་གཞུང་གི་སྣེ་ཁྲིད་པ་ས་མཐོའི་ནད་གཞི་དང་དེ་བཞིན་སྙིང་ཁམས་ཁྲག་རྩའི་ནད་ཀྱི་ནད་ཐོག་དང་ཚན་ཞིབ་རིག་གཅིག་མཁས་ཅན་སྐལ་བཟང་ནོར་བུས(གཡོན་གྱི་དང་པོ)ལས་རོགས་དང་མཉམ་དུ་གཤགས་བཅོས་ཇུས་གཞིར་ཞིབ་འཇུག་བྱེད་བཞིན་པ། 

         ལྷ་ས་གྲོང་ཁྱེར་སློབ་འབྲིང་དྲུག་པའི་དགེ་རྒན་གྱིས་རྫས་འགྱུར་ཚོད་ལྟ་ཁང་དུ་སློབ་མར་རྫས་འགྱུར་ཚོད་ལྟ་མཛུབ་ཁྲིད་བྱེད་བཞིན་པ།

         ལྷ་ས་གྲོང་ཁྱེར་མེ་འཁོར་འབབ་ཚུགས་ཀྱི་བཀོད་གཏོང་བས་བཀོད་གཏོང་བཀོད་འདོམས་ལྟེ་གནས་སུ་མེ་འཁོར་བཀོད་སྒྲིག་ལུགས་མཐུན་བྱས་ནས་དུས་ཆེན་རིང་གི་མེ་འཁོར་གོ་རིམ་ལྡན་པའི་ངང་གཏོང་ཐུབ་པའི་འགན་ལེན་བྱེད་པ། 

         ཁོར་ཡུག་འཕྲོད་བསྟེན་གད་པས་ཉིན་གང་ཁོར་ཡུག་ལ་གཙང་སྦྲ་བྱས་ནས་གྲོང་ཁྱེར་གྱི་ལམ་བུ་གཙང་ཞིང་གྲལ་འགྲིག་པ་ཡོང་བར་བྱེད་པ། 

         ལྷ་ས་གྲོང་ཁྱེར་ཀྲེ་ཀྲའོ་ཐོན་ལས་གླིང་དུ་ལས་མི་ཚོས་གློག་ཀླད་ལ་བརྟེན་ནས་འོ་སྣོད་ལ་དུག་སེལ་བྱེད་བཞིན་པ།

         ནག་ཆུ་གྲོང་ཁྱེར་གཞུང་ལམ་བདག་སྐྱོང་དུམ་བུའི་བཟོ་པས་ས་བབ་མཐོ་བའི་ས་ཁུལ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་བཞིན་པ། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1